འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་4ཉིན།

༄༅།།རྒྱལ་ཡོང་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ཟླ་3ཚེས་3ཉིན་འགོ་ཚུགས་པ་
དང་ཚེས་13ཉིན་མཇུག་སྒྲིལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་04ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་2ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཚོགས་འདུའི་གསར་འགྱུར་མགྲིན་ཚབ་པ་ཀོའོ་ཝེ་མིང་གིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་ཐེངས་འདིའི་ཚོགས་ཆེན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
      ཀོའོ་ཝེ་མིང་གིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ཟླ་3ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3:00པའི་ཐོག་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་རྒྱུ་དང་ཟླ་3ཚེས13ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ་ཡིན་པ་བསྟན་ཡོད།