འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་4ཉིན།

༄༅།།རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཧུའུ་ཅིང་ལིང་གིས་ད་ལོ་སྲོག་སྐྱོབ་མྱུར་སྐྱོབ་ཀྱི་སྨན་ཡག་
པོ་མང་པོ་ཞིག་སྨན་བཅོས་འགན་བཅོལ་ནང་འཇོག་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཧུའུ་ཅིང་ལིང་གིས“པུའུ་ཀྲང་གི་ལམ་བུར་”བཅར་འདྲི་དང་ལེན་བྱེད་སྐབས། ད་ལོ་རེ་སྐོར་གསར་པའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་གི་ལས་ཀ་འགོ་བརྩམ་རྒྱུ་ཡིན་ཞིང་། སྲོག་སྐྱོབ་མྱུར་སྐྱོབ་ཀྱི་སྨན་ཡག་པོ་མང་པོ་ཞིག་སྨན་བཅོས་འགན་བཅོལ་ནང་དུ་འཇོག་རྒྱུ་ཡིན་ཞེས་བརྗོད་པ་རེད།
 “སྐྲན་འགོག་སྨན་རྫས་སྨན་བཅོས་འགན་བཅོལ་ནང་འཁོད་པ་དེ་གོམ་སྟབས་དང་པོ་ཡིན་ཞིང་། ནད་པས་ཇི་ལྟར་བྱས་ནས་གང་མགྱོགས་ངང་གྲོས་མོལ་སྨན་རྫས་སྤྱོད་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་།”ཞེས་ཧུའུ་ཅིང་ལིང་གི་བརྗོད་པ་རེད་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཙོ་བོ་ཕྱོགས་གཉིས་ནས་ལས་ཀ་བསྒྲུབས་ཡོད་པ་སྟེ། གཅིག་ནི་གྲོས་མོལ་སྨན་རྫས་ཀྱི་འགྲོ་སོང་གིས་དེ་སྔའི་སྨན་བཅོས་འགན་བཅོལ་གྱི་སྔོན་བརྩིས་མི་བཟུང་བ་ཁ་གསལ་སྟོན་པ། གཉིས་ནི་འབྲེལ་ཡོད་སྡེ་ཚན་དང་“སྨན་རྫས་ཀྱི་བསྡུར་ཚད”སོགས་ལ་བརྟེན་ནས་སྐྲན་ནད་འགོག་སྨན་བེད་སྤྱོད་ལ་ཤུགས་རྐྱེན་བཟོ་མི་ཆོག་པ་ཁ་གསལ་བསྟན་ཡོད་ཅིང་། ད་ལྟ་ལྟས་ན། སྐྲན་ནད་འགོག་པའི་སྨན་“དོན་འཁྱོལ”གྱི་གནས་ཚུལ་ཧ་ཅང་བདེ་བླག་ཡོད་པ་རེད།
      ཧུའུ་ཅིང་ལིང་གིས་བསྟན་དོན། དཀར་ཆག་ལེགས་སྒྲིག་གིས་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་སྨན་བཅོས་འགན་བཅོལ་ཐེབས་རྩས་དང་ལེན་བྱེད་ཐུབ་པའི་ནུས་པའི་དབར་སྙོམས་སྒྲིག་ཡག་པོ་བྱེད་དགོས་ཤིང་། “གཞི་རྩ་སྲུང་སྐྱོང་”གི་བླང་བྱར་གཞིགས་ན། གཞི་རྩའི་སྨན་རྫས་ལ་གཙོ་བོར་བསམ་བློ་བཏང་ནས།  སྐྲན་ནད་དང་མཐོང་དཀོན་པའི་ནད་སོགས་ནད་གཞི་ལྕི་པོར་བེད་སྤྱོད་བྱེད་པའི་སྨན་རྫས་དང་།  དལ་བའི་རང་བཞིན་གྱི་ནད་རིགས་ཀྱི་སྨན་རྫས་། བྱིས་པའི་ནད་རིགས་ཀྱི་སྨན་རྫས་སོགས་མི་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པའི་སྨན་རྫས་སྤྱོད་རྒྱུར་བསམ་བློ་བཏང་ཡོད།