འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་28ཉིན།

༄༅།།གཟའ་འཁོར་གཅིག་ནང་ཞིང་ཆེན་དང་།  རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཞིང་ཆེན་རིམ་པ་གཞོན་པའི་
ལས་བྱེད་པ་4ལེགས་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་28ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ས་གནས་ཀྱི་ཞིང་ཆེན་རིམ་པ་གཞོན་པའི་ལས་བྱེད་པ་4ཡི་ལས་གནས་ལེགས་སྒྲིག་བྱས་པ་སྟེ། ཧྲང་ཧའེ་གྲོང་ཁྱེར་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲོའུ་པའོ་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱས་པ་དང་། ཧུའུ་ནན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཁྲེན་ཞང་ཆུན་ལེའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུར་བསྐོ་གཞག་བྱས་པ། ཧྥུའུ་ཅན་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཧུའུ་ཁྲང་ཧྲེན་ཞ་མོན་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅིར་བསྐོ་གཞག་བྱས་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝང་ཅུན་ཀྲེང་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་རྒྱུར་བསྐོ་གཞག་བྱས་པ་རེད།
     མི་དམངས་དྲ་བའི་ས་གནས་འགོ་ཁྲིད་ཀྱི་དཔྱད་གཞིའི་ཡིག་ཆའི་མཛོད་ནང་མངོན་གསལ་ལྟར་ན། ཝང་ཅུན་ཀྲེང་དང་།  ཀྲོའུ་པོ། ཧུའུ་ཁྲང་ཧྲེན་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡིན་པ་དང་། ཀྲོའུ་པོས་ས་ཆ་གཞན་དུ་སྤེལ་རེས་གོ་གནས་འཁུར་བར་ཐེངས་དང་པོ་བསྐྱོད་པ་རེད།
 དེའི་ཁྲོད། འགོ་ཁྲིད་2ད་ཐེངས་འགན་གསར་བཞེས་བྱས་པ་དེ། 2018ལོའི་ཟླ་7པར། སྐབས་དེར་ལེའོ་ཉིང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེན་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་བའི་དབྱི་ལེན་ཧུང་ཅང་ཤིས་སུ་གོ་འགན་འཁུར་བར་སྐྱོད་པས། ལེའོ་ཉིང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་ལས་གནས་སྟོང་པར་ལུས་པ་དང་། 2018ལོའི་ཟླ་11པར། སྐབས་དེར་ཧྥུ་ཅན་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ཞ་མོན་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་བའི་ཕའེ་ཅིན་ཅ་པེ་ཅིང་དུ་སྐྱོད་ནས། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་ལས་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་དབན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བས། ཞ་མོན་གྲོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་སྟོང་པར་ལུས་པ་ཁ་གསབ་བྱས་པ་རེད།