འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།རྒྱལ་ཡོངས་ས་གནས་ཁག་གིས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་མགྱོགས་མྱུར་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། 《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གིས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཇུས་གཞི》 བཀྲམ་ཚུན་རྒྱལ་ཡོངས་ས་གནས་ཁག་གིས་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་ཁག་གཅིག་ཏུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་སྤེལ་བས་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་པ་མ་ཟད་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། འདི་ནི་གསར་འགོད་པས་ཚེས་25ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
     ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་2018ལོའི་ཟླ་12ཚེས་29ཉིན་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་། ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན་18ཀྱིས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གིས་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཇུས་གཞི》བཀྲམ་ཡོད། མིག་སྔའི་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཇུས་གཞིའི་ནང་གྲོང་ཚོའི“གཙང་སྦྲ་གསུམ་དང་འགྱུར་བ་གཅིག”གི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་སྟེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། གྲོང་ཚོའི་རྫིང་བུ་དང་ཆུ་ཡུར་གཙང་སེལ། སྒོ་ཕྱུགས་དང་ཁྱིམ་བྱའི་ལྕི་བ་དང་བྱ་བྲུན་གཙང་སེལ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་སྙིགས་རོ་གཙང་སེལ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གོམས་གཤིས་ངན་པ་བསྒྱུར་རྒྱུ་རེད་ཅེས་བཤད་པ་རེད།