འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མེན་གྱི་གནད་དོན་སྐོར་གྱི་ཚོགས་འདུ་འཚོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མེན་གྱི་གནད་དོན་སྐོར་གྱི་ཚོགས་འདུ་འཚོག་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མེན་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་མ་ཏིང་ཀེ་ལི་ཧྥེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མེན་གནད་དོན་སྐོར་གྱི་ཚོགས་འདུའི་ཐོག  ཡེ་མེན་གྱི་གདོང་ཐུག་ཕྱོགས་ཁག་དབར་ན་ནིང་ཟླ་12པར་སུའེ་ཏེན་གྱི་སི་ཐོག་ཁོར་མོར་གྲོས་མཐུན་བྱུང་རྗེས། ས་གནས་དེ་གའི་དུས་བབ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ཁོང་གིས་ཕྱོགས་གཉིས་པོའི་འགོ་ཁྲིད་ཀྱིས་གཟུར་བཤོལ་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད། ཕྱོགས་གཉིས་པོས་དུས་རིམ་གཉིས་པའི་དམག་མི་ཕྱིར་འཐེན་གྱི་འཆར་གཞིའི་ཞིབ་ཕྲའི་གནད་དོན་ཐད་གྲོས་མཐུན་ཡོང་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་དྲུང་ཆེ་གཞོན་པ་ལའོ་ཁོ་ཁེ་ཡིས་ཚོགས་འདུའི་ཐོག ཡེ་མེན་གྱི་མི་ཆོས་ཀྱི་གནས་ཚུལ་སྔར་བཞིན་ཡག་པོ་མེད་པ་བསྟན་ཡོད་པ་རེད།


༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མེན་གྱི་གནད་དོན་སྐོར་གྱི་ཚོགས་འདུ་འཚོག་པ།