འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎བོད་ཀྱིས་གནའ་དཔེ་13000ལྷག་ཙམ་ཡོངས་བཤེར་དང་ཐོ་བཀོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་གནའ་དཔེ་13700ཙམ་ཡོངས་བཤེར་ལེགས་སྒྲུབ་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད།
     བོད་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་ནི་2009ལོ་ནས་དངོས་སུ་འགོ་བཙུགས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། གནའ་དཔེ་ཉར་ཚགས་ཚན་པ་མི་འདྲ་བ་1160ཡོད་པ་ལས། པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་ཡིག་ཚགས་ཁང་བཅས་རྒྱལ་ཡོངས་ཀྱི་གནའ་དཔེའི་གཙོ་གནད་སྲུང་སྐྱོང་ཚན་པར་ཚུད་ཡོད། མིག་སྔའི་བར་ལྷ་ས་དང་། མངའ་རིས། ཆབ་མདོ་བཅས་ཚུད་པའི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཏེ་ཚང་བཤེར་ཆད་གསབ་ཀྱི་དུས་མཚམས་ལ་སླེབས་ཡོད།
     གནའ་དཔེ་ཡོངས་བཤེར་བྱས་པ་དང་ཆབས་ཅིག བོད་ཀྱིས་གནའ་དཔེའི་གྲངས་གཞི་ཅན་གྱི་སྲུང་སྐྱོང་དང་གཏོར་སྐྱོན་ཤོར་བའི་གནའ་དཔེ་སླར་གསོའི་ལས་དོན་ཡང་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གནའ་དཔེ་62(ཤོག་གྲངས་8324)གྲངས་གཞི་ཅན་བཟོས་པ་དང་། གཏོར་སྐྱོན་ཕོག་པའི་གནའ་དཔེ་15(ཤོག་གྲངས2248)སླར་གསོ་བྱས་པས་རྩ་ཆེའི་གནའ་དཔེ་ཁག་གཅིག་སྲུང་སྐྱོང་ཡག་པོ་བྱུང་ཡོད།