འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎2018ལོར་མཚོ་སྔོན་གྱིས་ཁོར་ཡུག་ཁྲིམས་འགལ་གྱི་ཁེ་ལས་261ལ་སྲིད་འཛིན་ཆད་པ་བཅད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་ཁྲིམས་འགལ་གྱི་ཁེ་ལས་261ལ་སྲིད་འཛིན་ཆད་པ་བཅད་པར་དངུལ་ཆད་སྒོར་ཁྲི་1962.7ཟིན་པ་རེད།
     འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་གནས་བབ་གལ་ཆེ་བ་དང“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ“དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པའི”འགན་ལེན་བྱ་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་དང་ལྟ་སྐུལ་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་ཀྱིས་དག་ཐེར་བྱེད་ཤུཌ་རྒྱུན་མཐུད་ཆེ་རུ་བཏང་སྟེ་ལོ་འཁོར་མོར་ཁྱོན་འབྲེལ་ཡོད་ཁྲིམས་སྐྱོང་མི་སྣ་ཐེངས་26116བཏང་བ་དང་རིགས་ཁག་གི་ཁེ་ལས་དང་རྣམ་གྲངས་ཐེངས་9060ཞིབ་བཤེར་བྱས་པ་རེད།
     2018ལོའི་ཞིབ་བཤེར་བྱེད་རིང་མཚོ་སྔོན་དུ་ཁོར་ཡུག་ཁྲིམས་འགལ་གྱི་ཁེ་ལས་383ཤེས་ནས་ཁེ་ལས་261ལ་སྲིད་འཛིན་ཆད་པ་བཅད་པ་ལས། ཁེ་ལས་7སྒོ་བརྒྱབ་ནས་མེད་པར་བཟོ་རྒྱུའི་བཀའ་བཏང་བ་དང་། ཁེ་ལས་27ལ་སྒོ་ཐེལ་བརྒྱབ་ནས་བཀག་ཉར་བྱས་པ། ཁེ་ལས་8ཐོན་སྐྱེད་བྱེད་མཚམས་བཞག་པ། ཁེ་ལས་7ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་རེད།
     འབད་བརྩོན་ཐེངས་མང་བྱས་པ་བརྒྱུད་མིག་སྔར་མཚོ་སྔོན་གྱི་ས་ངོས་ཆུའི་རྒྱལ་ཁབ་ཚོད་འཛིན་དཔྱད་ཞིབ་ཀྱི་བཅད་མཚམས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་94.7%ཟིན་པ་རེད།