འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཀྲུང་གོ་འདི་ཉིད་ཁུ་པའི་སྤུས་ལེགས་ལག་སྒྲིལ་ཐ་མག་ཞུའེ་ཅ་ཡི་ཁྲོམ་ར་ཆེ་གྲས་གཉིས་པ་དེར་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། སྐབས་21པའི་ཁུ་པའི་རྒྱལ་སྤྱིའི་ཐ་མག་ཞུའེ་ཅ་ཡི་དུས་ཆེན་ཚེས་18ཉིན་ཧ་ཝ་ནའི་ཚོགས་འདུའི་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་ཁག་70ནས་ཡོང་བའི་ཐ་མག་ཞུའེ་ཅ་ཐོན་སྐྱེད་ཚོང་ཁང་དང་། གཉེར་སྐྱོང་ཚོང་ཁང་། རིགས་གཅིག་མཁས་ཅན་སོགས་2200ལྷག་ཙམ་ཞུགས་ཡོད་པ་རེད། 2018ལོར་ཀྲུང་གོ་འདི་ཉིད་སི་ཕེན་རྗེས་ཀྱི་ཁུ་པའི་སྤུས་ལེགས་ལག་སྒྲིལ་ཐ་མག་ཞུའེ་ཅ་ཡི་ཁྲོམ་ར་ཆེ་གྲས་གཉིས་པ་དེར་ཐོག་མར་གྱུར་པ་རེད།
     གཙོ་གཉེར་ཕྱོགས་ཁུ་པའི་ཐ་མག་ཞུའེ་ཅ་ཚོགས་པས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2018ལོར་ཚོགས་པ་དེས་གོ་ལ་ཧྲིལ་པོར་ཕྱིར་འཚོང་བྱས་པའི་ཡོང་འབབ་ཨ་སྒོར་དུང་ཕྱུར་5.37ཟིན་པ་དེ་2017ལོ་ལས་7%འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་པ་རེད། ཚོགས་པ་དེས་ན་ནིང་ཐ་མག་ཞུའེ་ཅ་དུང་ཕྱུར་4.5བཙོངས་པ་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་70%བཟུང་ཡོད་པ་རེད།
     ཁུ་པའི་ཐ་མག་ཞུའེ་ཅ་ཚོགས་པ་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཧོ་སའེ·མ་ལི་ཡ·ལོ་ཧྥེ་སི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་ཁྲོམ་རའི་ཐོག་ཐ་མག་ཞུའེ་ཅ་ཟམ་མི་ཆད་པར་འདོན་མང་དུ་ཕྱིན་པ་དང་བསྟུན་ནས་ཚོགས་པས་ཀྲུང་གོའི་ཁྲོམ་རར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པ་མཐོང་སྟེ་ཀྲུང་གོའི་ཁྲོམ་ར་གསར་སྤེལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད།