འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
རྒྱལ་སྤྱིའི་མཚོ་ཁུག་ཁུལ་རྩེར་སོན་མཉམ་སྐྲུན་བྱས་ནས་དམངས་འཚོ་ཡར་སྐུལ་བྱེད་པར་བཏོན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འགན་འཁུར་བས་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐག་གཅོད་བྱས་པའི་ཐབས་ཇུས་གལ་ཆེན་ཡིན་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་། དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་ལ། དེ་ནི་དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་ཡིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལག་ལེན་གསར་པ་ཡང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་བྱུང་བར་བརྟེན། 《ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གོང་དུ་སྤེལ་བའི་འཆར་འགོད་རྩ་གནད་》 ཀྱི་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱས་ཚར་བ་ཡིན་ཞེས་བརྗོད།
     ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འགན་འཁུར་བས་ནན་བཤད་གནང་དོན། བཀོད་སྒྲིག་གཅིག་ལ་དོན་འཁྱོལ་ལྡབ་དགུ་བྱ་དགོས་པའི་དཔེ་བཞིན། ང་ཚོས་ཧུར་ཐག་གིས་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འགན་འཁྲི་ལེགས་པར་སྒྲུབ་ངེས་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་“ཞང་ཀང་བས་ཞང་ཀང་སྐྱོང་བ་”དང་“ཨའོ་མོན་པས་ཨའོ་མོན་སྐྱོང་བའི”ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་ཕྱོགས་ཡོངས་ནས་ཡང་དག་པར་མཐའ་འཁྱོལ་བྱ་ངེས་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནན་པོ་བྱས་ཏེ་ལས་དོན་སྒྲུབ་ངེས། ཡུའེ་ཀང་ཨའོ་ས་ཁུལ་གསུམ་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཛེར་མ་གདབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་དམ་འཛིན་དང་ལས་འགན་ཁག་ཏན་ཏན་ཏིག་ཏིག་གིས་ལེགས་པར་སྒྲུབ་ནས། འཆར་འགོད་དཔེ་རིས་ནང་གི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱ་ངེས། སྤྱི་ཚོགས་ཁག་སོ་སོས་ཧུར་ཐག་གིས་ཁུག་ཆེན་ཁུལ་འཛུགས་སྐྲུན་དུ་ཞུགས་ནས་མཉམ་དུ་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་དེ་རྒྱལ་སྤྱིའི་རྩེར་སོན་གྱི་མཚོ་ཁུག་ཁུལ་དང་། གནས་བཅའ་བར་འཚམ་པ། ལས་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པའི་སྤུས་ལེགས་འཚོ་བའི་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། ཡུའེ་ཀང་ཨའོ་ས་ཁུལ་གསུམ་གྱི་དམངས་འཚོའི་བདེ་སྐྱིད་ཡར་སྐུལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་བའི་མིག་དཔེ་ཞིག་ཏུ་སྒྱུར་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།