འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་18ཉིན།

༄༅༎ རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེས་ཁུ་ཝེ་ཐེར་འཚམས་འདྲི་བྱས་པ་དང་ཀྲུང་ཁུའི“དར་
གོས་གྲོང་ཁྱེར་དང་གླིང་ཕྲན་ལྔའི་”འཛུགས་སྐྲུན་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་
དང་པོ་གཙོ་སྐྱོང་བྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་18ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་15ཉིན་ནས་ཚེས་17ཉིན་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེས་ཁུ་ཝེ་ཐེར་འཚམས་འདྲི་བྱས་པ་དང་། ཁུ་ཝེ་ཐེའི་ཨེ་མིར་ས་པ་ཧེ་དང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཅ་ཉི་མུའུ་དང་མཇལ་འཕྲད་བྱས་པ་དང་། དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་དང་རྒྱལ་སྲུང་བློན་ཆེན་གཅིག་ལྕོགས་ཡིན་པའི་ནཱ་སེར་དང་། ཆེས་མཐོའི་འཆར་གཞི་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཆེན་གཞོན་པ་དང་སོ་སོར་གྲོས་མོལ་བྱས། གཙོ་བོ་ཀྲུང་ཁུ་དབར་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག་”དང་“དར་གོས་གྲོང་ཁྱེར་དང་གླིང་ཕྲན་ལྔའི་”མཉམ་ལས་འཛུགས་སྐྲུན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་རེད།
     ཚེས་17ཉིན། ཉིང་ཅི་ཀྲེ་དང་ཁུ་ཝེ་ཐེ་དར་གོས་གྲོང་ཁྱེར་དང་པུའུ་པི་ཡེན་གླིང་ཕྲན་གསར་སྤེལ་ལས་ཁུངས་ཀྱི་ཀྲུའུ་ཞི་ཧྥེ་སའར་དང་ཐུན་མོང་ཐོག་ཀྲུང་ཁུའི“དར་གོས་གྲོང་ཁྱེར་དང་གླིང་ཕྲན་ལྔའི་”འཛུགས་སྐྲུན་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་བྱས་པ་རེད། ཕྱོགས་གཉིས་པོས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། “དར་གོས་གྲོང་ཁྱེར་དང་གླིང་ཕྲན་ལྔའི་”ཁྲིམས་བཟོ་དང་འཆར་འགོད། ཁུ་ཝེ་ཐེ་ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཐབ་ཇུས། མུའུ་པ་ལ་ཁེ་གྲུ་ཁ་ཆེན་པོ་འཛུགས་སྐྲུན་དང་ཚོང་དོན་ཟོག་འགྲེམས་གླིང་ཁུལ་མཉམ་ལས་སོགས་ཀྱི་སྐོར་དགོངས་འཆར་བརྗེ་རེས་བྱས་པ་རེད།