འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་18ཉིན།

༄༅༎བོད་རང་སྐྱོང་ལྗོངས་ཀྱིས་ནུས་ལྡན་ངང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་18ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་དེ་ནི་ཉེ་ཆར་ཐང་ག་བཞེངས་མཁན་ཞིག་གིས་ཐང་ག་བཞེངས་བཞིན་པའི་རྣམ་པ་ཡིན་པ།
པར་རིས་དེ་ནི་ཉེ་ཆར་ཐང་ག་བཞེངས་མཁན་ཞིག་གིས་ཐང་ག་བཞེངས་བཞིན་པའི་རྣམ་པ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ནུས་ལྡན་ངང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། བོད་ལྗོངས་ཀྱིས་དོ་དམ་སྲོལ་ཡིག་རབ་དང་རིམ་པ་བཟོས་ནས། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལས་དོན་ཚད་ལྡན་དུ་བཏང་བ་མ་ཟད། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དངུལ་བཙུགས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་རེད། དེ་དང་དུས་མཚུངས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡང་དམངས་ཚོགས་ཀྱི་ཚུར་ལེན་འོག་དམངས་ཚོགས་ཀྱི་དགོས་མཁོ་དང་སྔར་ལས་མཐུན་པར་འགྱུར་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད་པ་རེད།