འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་16ཉིན།

༄༅༎ཀྲུང་གོ་དང་ཀེ་རི་སེས་མཉམ་འབྲེལ་ཐོག་སྐད་རིགས་གཉིས་ཀྱི་གཏམ་བརྗོད་ཟློས་གར《ཨ་ཅ་མིན་ནུང》
ཞེས་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་ནས་བཏོན་པ་དང་ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་དང་ཀེ་རི་སེ་རྒྱལ་ཁབ་ཟློས་གར་ཁང་གིས་མཉམ་འབྲེལ་ཐོག་སྒྲིག་བཟོ་བྱས་པའི་ཀྲུང་གོ་དང་ཀེ་རི་སེའི་སྐད་རིགས་གཉིས་ཀྱི་གཏམ་བརྗོད་ཟློས་གར《ཨ་ཅ་མིན་ནུང》ཞེས་པ་ཟླ་2ཚེས་20ཉིན་ནས་ཟླ་3ཚེས་2ཉིན་བར་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། ད་ཐེངས་ཀྱི་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་རིམ་པའི་ཟློས་གར་ཁང་ནས་མཉམ་འབྲེལ་ཐོག་བཏོན་པའི《ཨ་ཅ་མིན་ནུང》ཞེས་པས་ཤེས་དཔལ་མི་འདྲ་བ་གཉིས་ཕན་ཚུན་འབྲེལ་འདྲིས་བྱེད་པ་ནི་ཀྲུང་གོ་དང་ཀེ་རི་སེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་ཕན་འབྲས་གལ་ཆེན་གཞན་ཞིག་ཡིན་ལ་ཀྲུང་གོ་དང་ཀེ་རི་སེ་ཕྱོགས་གཉིས་པོས་གཙོ་འཁྲབ་ནང་ཞུགས་པའི་སྐད་རིགས་གཉིས་ཀྱི་གནའ་བོའི་ཀེ་རི་སེའི་གཏམ་བརྗོད་ཟློས་གར་དང་པོ་དེའང་ཡིན་པ་རེད།
     《ཨ་ཅ་མིན་ནུང》ཞེས་པ་ནི་གནའ་བོའི་ཀེ་རི་སེའི་སྐྱོ་གར་གྱི་སྲོལ་གཏོད་མཁན་ཨའེ་སི་ཁུའུ་ལོ་སིའི་སྐྱོ་གར་ཁག་གསུམ《ཨེ་རུའེ་སི་ཐེ་ཡ》ཞེས་པའི་ནང་གི་དང་པོ་དེ་ཡིན་པ་རེད། སྐད་རིགས་གཉིས་ཀྱི《ཨ་ཅ་མིན་ནུང》ཞེས་པས་མ་རྩོམ་འཁྲབ་གཞུང་ནང་གི་སྙན་ངག་གི་གོ་དོན་རྟོགས་དཀའ་བ་དེ་དག་་ཉམས་འགྱུར་ལྡན་པའི་བརྗོད་གཏམ་ཐོག་ནས་མང་ཚོགས་ཚོས་གོ་བདེ་བར་བཏང་ཞིང་། ཟློས་གར་ཁྲོད་ཐོན་པའི་རྔོན་པའི་ལྷ་མོ་དང་། ཨ་པོ་ལོ། ཧའེ་ལུན་སོགས་གནའ་བོའི་ཀེ་རི་སེའི་སྒྲུང་གཏམ་ལས་ཀྲུང་གོའི་ལྟད་མོ་བ་ཚོར་འོད་སྟོང་རབ་ཏུ་འཕྲོ་བའི་གནའ་བོའི་ཀེ་རི་སེའི་རིག་གནས་དེ་བས་ལེགས་པའི་ངང་རྒྱུས་མངའ་ལོན་པར་བྱས་ཡོད།