འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ཀྲུང་གོའི་གསར་དུ་འཕར་བའི་སྔོ་འགྱུར་གྱིས་གོ་ལ་ཧྲིལ་པོའི་བཞི་ཆ་གཅིག་ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་སྲུང་སྐར་གྲངས་གཞི་ལས་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོར་2000ལོ་ནས་2017ལོའི་བར་གསར་དུ་འཕར་བའི་སྔོ་འགྱུར་གྱི་རྒྱ་ཁྱོན་ནང་གི་བཞི་ཆ་གཅིག་ཙམ་ཀྲུང་གོས་ཟིན་པ་དང་། སྔོ་འགྱུར་ལ་ལེགས་སྐྱེས་འབུལ་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཀྱི་ཡོད། ཞིབ་འཇུག་མི་སྣས་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་གོས་ཤིང་འཛུགས་ནགས་བཟོ་དང་ལེགས་བསྡུས་ཞིབ་གཉེར་གྱི་ཞིང་ལས་སོགས་ཀྱི་ཐད་མཚོན་ཚུལ་འབུར་དུ་ཐོན་པ་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་དུས་ཐེངས་གསར་པའི་དབྱིན་ཇིའི《རང་བྱུང·རྒྱུན་མཐུད་ཆོག་པའི་འཕེལ་རྒྱས》དུས་དེབ་ཐོག་ཆེད་རྩོམ་སྤེལ་བའི་ནང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི“ཐེ་ལ”རྟགས་ཅན་སྲུང་སྐར་དང“ཨ་གཱ”རྟགས་ཅན་སྲུང་སྐར་གྱི་བརྟག་དཔྱད་ཚད་ལེན་གྱི་གྲངས་གཞིར་དབྱེ་ཞིབ་བྱས་པས་2000ལོ་ནས་2017ལོའི་བར་གོ་ལ་ཧྲིལ་པོའི་སྔོ་འགྱུར་རྒྱ་ཁྱོན5%འཕར་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཀྲུང་གོ་དང་རྒྱ་གར་གྱི་སྐམ་སའི་སྔོ་ཁེབས་རྒྱ་ཁྱོན་གོ་ལ་ཧྲིལ་པོའི་9%ལས་ཟིན་གྱི་མེད་པའི་གནས་ཚུལ་འོག་གོ་ལ་ཧྲིལ་པོའི་སྔོ་འགྱུར་འཕར་ཚད་ཐད་ལེགས་སྐྱེས་འབུལ་ཚད་གསུམ་ཆ་གཅིག་ཙམ་ཟིན་གྱི་ཡོད་ཅེས་འཁོད་ཡོད།