འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎རང་རྒྱལ་གྱི་རྫོང་དབུལ་པོའི་སྨན་ཁང་400ལྷག་ཙམ་རིམ་གཉིས་ཀ་པའི་སྨན་ཁང་དུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་13ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམ་གསུམ་སྨན་ཁང་གིས་རྫོང་དབུལ་པོའི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཚུན། མིག་སྔར་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོའི་རྫོང་རིམ་པའི་སྨན་ཁང་ཚང་མར་རྒྱང་ཁྲིད་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། རྫོང་དབུལ་པོའི་སྨན་ཁང་400ལྷག་ཙམ་རིམ་གཉིས་ཀ་པའི་སྨན་ཁང་དུ་གྱུར་པ་དང་རྫོང་དབུལ་པོའི་སྨན་ཁང་30ལྷག་ཙམ་རིམ་གསུམ་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་དུ་སླེབས་ཡོད་པ་རེད།
     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅའོ་ཡ་ཧུའེ་ཡིས་2016ལོ་ཚུན་རིམ་གསུམ་སྨན་ཁང་963དང་རྫོང་དབུལ་པོ་834ཡི་རྫོང་རིམ་པའི་སྨན་ཁང་1180དབར“གཅིག་གཏད་གཅིག”གི་རོགས་སྐྱོར་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བརྗོད།
     ཁོང་གིས་2018ལོའི་ལོ་མཇུག་བར་རིམ་གསུམ་སྨན་ཁང་གིས་སྨན་དོན་མི་སྣ་མི་ཐེངས་ཁྲི་6ལྷག་ཙམ་རྫོང་དབུལ་པོའི་རྫོང་རིམ་པའི་སྨན་ཁང་དོ་དམ་དང་ནད་བརྟག་སྨན་བཅོས་ལས་དོན་ནང་ཞུགས་རྒྱུར་མངགས་ཤིང་། སྒོ་བསྟེན་ནད་བརྟག་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་3000ལྷག་ཙམ་ཟིན་པ་དང་། སྨན་ཁང་ནས་དོན་པའི་ནད་པར་དོ་དམ་བྱེད་ཚད་མི་ཐེངས་ཁྲི་300ལྷག་ཙམ་ཟིན་པ་དང་། སྨན་ཁང་དུ་བསྡད་པའི་ནད་པར་གཤགས་བཅོས་བྱེད་ཚད་ཁྲི་50ལྷག་ཙམ་ཟིན་ཡོད། མངགས་གཏོང་བྱས་པའི་མི་སྣས་བརྒྱུད་རོགས་ཁྲིད་གསུམ་བརྒྱུད་རྫོང་སྨན་ཁང་ལ་ནད་ཐོག་སྨན་བཅོས་ཆེད་ཚན་5900གསར་དུ་འཛུགས་རོགས་བྱས་པ་དང་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པའི་ལས་དོན་སྤེལ་ཚད་ཁག་ཁྲི་3.8ཟིན་ཡོད། རིམ་གསུམ་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཞབས་ཞུ་གཤམ་སྤེལ་ནུས་ལྡན་བྱས་པས་རྫོང་དབུལ་པོའི་སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་དང་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།
     གཞན་ཡང་། “ཚོགས་སྒྲིག་རྣམ་པའི”ཤིན་སྐྱོར་དང་བོད་སྐྱོར་ལས་དོན་ལའང་སྐུལ་འདེད་ཏན་ཏིག་བཏང་ཞིང་། 2018ལོའི་ལོ་མཇུག་བར་ཁག་གཉིས་ཀྱི་རིགས་གཅིག་མཁས་ཅན་ཁྱོན་315ཤིན་ཅང་གི་རོགས་སྐྱོར་དང་ལེན་སྨན་ཁང་8ལ་རོགས་སྐྱོར་བྱེད་པར་བཏང་བས་རིམ་རྩིས་ལྟར་ན་སྨན་བཅོས་བྱས་པའི་ནད་པ་མི་ཐེངས་ཁྲི་9.32ཟིན་པ་དང་། གཤགས་བཅོས་ཐེངས་ཁྲི་1.08བྱས་པ། རྣམ་གྲངས་གསར་པ་500ཙམ་ལག་བསྟར་བྱས་པ། ཉེན་ཆེ་ཚབས་ཆེའི་ནད་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་90%ཟིན་ཡོད། ཁག་བཞིའི་རིགས་གཅིག་མཁས་ཅན་ཁྱོན་699བཏང་སྟེ་བོད་ཀྱི་རོགས་སྐྱོར་དང་ལེན་སྨན་ཁང་8ལ་རོགས་སྐྱོར་བྱས་ནས་མིག་སྔར“ནད་ཆེན”332རང་སྐྱོང་ལྗོངས་ནས་མི་ཐོན་པར་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”1914ས་ཁུལ་དང་གྲོང་ཁྱེར་ནས་མི་ཐོན་པར་སྨན་བཅོས་ཐུབ་པ། རྒྱུན་མཐོང་གི“ནད་ཆུང”རྫོང་ནང་ཁུལ་ནས་དུས་ཐོག་ཏུ་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད།