འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ལོ་གསར་གྱི་སྨོན་འདུན་བཟང་པོ་འཁྱེར་ནས་སློབ་མ་ཚོ་སློབ་གྲྭར་ལོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཇུག་འགྲིལ་མེད་ཀྱང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་རིགས་ཕོ་གཞོན་ཨོ་རྒྱན་ཆོས་འཕེལ་དང་ཁོང་གི་སློབ་གྲོགས་ཚོས་རྡོག་ཆས་འདྲུད་བཞིན་དུ་ཟི་ལིང་མེ་འཁོར་བབས་ཚུགས་སུ་འཛུལ་ནས་སློབ་གྲྭར་ལོག་རྒྱུའི་རྡོག་ཐོན་བྱེད་བཞིན་ཡོད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། བོད་རིགས་ས་ཁུལ་གྱི་དགེ་རྒན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་གཞན་དུ་འཛིན་གྲྭ་གཉེར་བ་སོགས“རིག་ནུས་རོགས་སྐྱོར”ལ་བརྟེན་པ་བཅས་ཀྱི་ཐོག་ནས་བོད་རིགས་ས་ཁུལ་གྱི་ཕྲུ་གུའི“སློབ་གཉེར་ཕུགས་འདུན”སྒྲུབ་རོགས་བྱས་ཡོད།
     ཡུལ་ཤུལ་ཀྲོའུ་སློབ་གསོ་ཅུས་ཡུལ་གཞན་སློབ་གཉེར་གཞུང་ལས་ཁང་གི་འགན་འཁུར་བས། 2008ལོར་ཡུལ་ཤུལ་ཀྲོའུ་ཡིས་ཡུལ་གཞན་དུ་འཛིན་གྲྭ་གཉེར་འགོ་འཛུགས་སྐབས་སློབ་མ་24ལས་མེད། 2018ལོར་ཡུལ་ཤུལ་ཀྲོའུ་ཡིས་ཡུལ་གཞན་དུ་སློབ་གཉེར་བྱས་པའི་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་6012ཟིན་པ་དང་དེའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ་4044དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་1600 དམའ་རིམ་སློབ་འབྲིང་གི་སློབ་མ་808བཅས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།