འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎ཧུའུ་ཁྲུན་ཧྭ་ཡིས་གནད་དོན་མངོན་གསལ་དོད་པོ་དང་གཙོ་གནད་ལས་འགན་ལ་དམིགས་ཏེ་གནད་སྨིན་
ཤུགས་འདོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་
ཟབ་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་ཚེས་13ཉིན་ཀོང་ཤིས་ཧོ་ཁྲིར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་དང་ཕན་འབྲས་གཏན་འཁེལ་བྱེད་པའི་འགག་རྩའི་ཁྱབ་ཁོངས་ཤིག་ཡིན་པས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ་དེ་བས་ནུས་ལྡན་གྱི་བྱ་ཐབས་དང་དེ་བས་ཏན་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས་ངེས་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་མངོན་གསལ་དོད་པོ་དང་གཙོ་གནད་ལས་འགན་ལ་དམིགས་ཏེ་གནད་སྨིན་ཇུས་བསྟར་དང་ཤུགས་སྒྲིལ་འགག་སྒྲོལ་བྱེད་དགོས། “སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ་དང་། བདེ་ཐང་དབུལ་སྐྱོར། ཉེན་ཁང་སྒྱུར་བཀོད། འཐུང་ཆུའི་བདེ་འཇགས་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་སྤུས་ལེགས་ཕན་ཆེའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་གསབ་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ལ་སྤྱི་འདོམས་ཇུས་འགོད་ཡག་པོ་བཅས་བྱས་ཏེ་མང་ཚོགས་དབུལ་པོ་བརྟན་པོའི་ངང་དབུལ་སྒྲོལ་དང་ས་ཁུལ་དབུལ་པོ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐོར་གཟིགས་བྱས་ནས་རྟོགས་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། རྒྱབ་སྐྱོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། ཀྲུང་དབྱང་ཚན་པས་གནས་གཏན་འཁེལ་གྱིས་དབུལ་སྐྱོར་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
     བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཧུའུ་ཁྲུན་ཧྭ་ཧོ་ཁྲེ་གྲོང་ཁྱེར་ཏཱ་ཧྭ་ཡའོ་རིགས་རང་སྐྱོང་རྫོང་ཡཱ་ལུང་ཤང་དང་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་ཏུང་མིའོ་ཤང་སོགས་སུ་ཕེབས་ཏེ་མང་ཚོགས་དབུལ་པོར་འཚམས་འདྲི་གནང་བ་དང་སྦྲགས་ས་ཆ་དངོས་སུ་ཕེབས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”དང་། ཐོན་ལས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད།