འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎སི་ཁྲོན་གྱིས་གནོད་ལྡན་APPསློབ་གྲྭར་ཁྱབ་ཚུལ་ལ་གྲལ་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་སི་ཁྲོན་གྱིས་སློབ་སྦྱོང་རིགས་ཀྱི་APPསོགས་སྒུལ་བདེའི་བཀོལ་སྤྱོད་མ་ལག་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་སློབ་གྲྭ་འབྲིང་ཆུང་དུ་གནོད་ལྡན་APPལམ་སེང་སྤྱོད་མཚམས་བཞག་སྟེ་སུབ་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་སློབ་གྲྭ་དང་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་དང་མོས་མཐུན་མ་ཐོབ་པར་དགེ་རྒན་གྱིས་རང་དགར་སློབ་མར་APPགང་རུང་འོས་སྦྱོར་བྱ་མི་ཆོག་པའི་གཏན་འབེབས་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིག་ནུས་ཁ་པར་གང་སར་ཁྱབ་པ་དང་བསྟུན་སློབ་གྲྭ་ཁག་གཅིག་གི་དགེ་རྒན་གྱིས་ཁ་པར་ལ་བརྟེན་ནས་དྲ་ཐོག་ཏུ་སློབ་མར་སློབ་ཚན་བཀོད་སྒྲིག་དང་། སྦྱོང་ཚན་བཟོ་བཅོས། APPསྤྱད་ནས་ཁྱིམ་བདག་ལ་ཕྲུ་གུའི་སློབ་སྦྱོང་གི་གནས་ཚུལ་དང་སློབ་ཚན་འཁྲིད་མཚམས་སོགས་ཤེས་སུ་འཇུག་གི་ཡོད། དེའི་བརྒྱུད་རིམ་ནང་གནོད་ལྡན་APPཁག་གཅིག་སློབ་གྲྭར་ཁྱབ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད། ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་སློབ་སྦྱོང་རིགས་ཀྱི་APPསློབ་གྲྭར་ཁྱབ་པར“ཕྱོགས་གཉིས་ནས་ཞིབ་བཤེར”གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་། སློབ་གྲྭས་བདམས་བཀོལ་འགག་སྒོ་ཡག་པོ་སྲུང་བའི་རྨང་གཞིའི་ཐོག་སློབ་གྲྭར་ཁྱབ་གདལ་གཏོང་བའི་APPཡིན་ཕྱིན་གོང་རིམ་སློབ་གསོ་དོ་དམ་སྡེ་ཚན་ལ་ཐོ་བཀོད་ཞིབ་བཤེར་དང་མོས་མཐུན་ཐོབ་དགོས། སློབ་གྲྭ་དང་སློབ་གསོ་སྡེ་ཚན་གྱི་ཞིབ་བཤེར་མོས་མཐུན་མ་ཐོབ་པར་དགེ་རྒན་གྱིས་རང་དགར་APPགང་རུང་སློབ་མར་འོས་སྦྱོར་བྱ་མི་རུང་།