འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་15ཉིན།

༄༅༎རང་རྒྱལ་གྱི་མཁས་དབང་གིས་ཁང་ནང་སྨུག་རྡུལ་སེལ་བའི“རིག་ནུས་ཤེལ་ཡོལ”ཞིབ་འཇུག་གསར་བཟོ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་15ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡུས་ཧྲུའུ་ཧུང་ཚོགས་པས“སྦངས་ཚོས་རང་སྒྲིག”བྱ་ཐབས་བརྒྱུད། བཟོ་མགྱོགས་པ་དང་མ་གནས་དམའ་བའི“རིག་ནུས་ཤེལ་ཡོལ”གྱི་རྒྱུ་ཆ་ཞིབ་འཇུག་གསར་བཟོ་བྱས་པ་དེས་ཁང་པའི་ནང་གི་མཁའ་རླུང་གཙང་བཟོ་ཐུབ་ཚད་མཐོ་ཤོས་99.65%ཟིན་པ་དང་སྐར་ཆ་50ཡི་ནང་མཁའ་རླུང་ཁྲོད་ཀྱི་PM2.5གར་ཚད“སྦགས་བཙོག་ཚབས་ཆེན”ནས“ལེགས་པའི”བར་གཙང་བཟོ་ཐུབ་ཀྱི་ཡོད། ཨ་རིའི《ཕྲ་ཕུང》དཔེ་སྐྲུན་ཁང་གི་ཁོངས་སུ་གཏོགས་པའི་རིག་གཞུང་དུས་དེབ《iScience》ཡི་ཐོག་ཉེ་ཆར་ཞིབ་འཇུག་འབྲས་བུ་དེ་སྤེལ་ཡོད་པ་རེད།
     རླུང་ཁམས་ཆེ་མོའི་སྦགས་བཙོག་ནི་མིག་སྔར་མིའི་རིགས་ཀྱི་སྤྱི་ཚོགས་ལ་སེམས་ཁྲལ་ཆེན་པོ་བཟོ་བའི་གནད་དོན་གཙོ་བོ་ཞིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་ཚན་ཞིབ་མི་སྣས་ཞི་གློག་འཇིབ་ལེན་དང་འདུས་སྦྱོར་རྫས་ཚི་སྣ་འཇིབ་ལེན་སོགས་ཇུས་གཞི་མང་པོ་བཏོན་ནས་དྭངས་གསིང་ཁང་དུ་གཡེང་བའི་སྨུག་རྡུལ་ཕྲ་མོ་འཚོལ་བསྡུར་སྤྱད་ཡོད། འོན་ཀྱང་ཇུས་གཞི་དེ་དག་ལ་གཞིགས་ཏེ་བཟོས་པའི“རིག་ནུས་ཤེལ་ཡོལ”གྱི་རིན་གོང་ཧ་ཅང་མཐོ་པོ་ཡོད་པ་རེད།
     ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡུས་ཧྲུའུ་ཧུང་གིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པས“སྦངས་ཚོས་རང་སྒྲིག”བྱ་ཐབས་བརྒྱུད། རྒྱ་ཁྱོན་ཤིན་ཏུ་ཆེ་བའི“རིག་ནུས་ཤེལ་ཡོལ”གྱི་རྒྱུ་ཆ་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་བཟོ་ཐུབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྨི་རྒྱ་དཔངས་གྲུ་བཞི་7.5ཙམ་གྱི“རིག་ནུས་ཤེལ་ཡོལ”བཟོ་བར་མ་གནས་སྒོར་100ཙམ་ལས་དགོས་ཀྱི་མེད། རྒྱུ་ཆ་དེ་རིགས་ཀྱིས་ཁང་པའི་ནང་གི་འོད་འཕྲོ་ཤུགས་ལ་འགྱུར་ལྡོག་གཏོང་ཐུབ་པ་མ་ཟད། ད་དུང་ནུས་ཆེའི་སྨུག་རྡུལ་འཚོལ་བསྡུ་ཡོ་ཆས་སུ་བྱས་ནས་ཁང་པའི་ནང་གི་མཁའ་རླུང་གཙང་བཟོ་ཡང་ཐུབ་ཀྱི་ཡོད་པ་རེད།
     དེ་དང་ཆབས་ཅིག“རིག་ནུས་ཤེལ་ཡོལ”དེས་སྨུག་རྡུལ་གཙང་སེལ་བྱས་རྗེས་ཨ་རག་ཉིང་ཁུའི་ནང་སྐར་མ་20ཙམ་སྦངས་རྗེས་གཙང་མ་བཀྲུས་ནས་བསྐྱར་དུ་སྤྱོད་ཆོག ཐེངས་བརྒྱ་ལྷག་ཙམ་བསྐྱར་ཟློས་བེད་སྤྱོད་བྱས་པ་བརྒྱུད། དེའི་གཙང་སེལ་ནུས་པ་སྔར་བཞིན་ལེགས་པོ་ཐོན་གྱི་ཡོད།