འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་《འབྲིང་འཕེན་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》གི་གན་རྒྱ་ལས་ཕྱིར་འཐེན་
པའི་གོ་རིམ་འགོ་བརྩམ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།ཨ་རིས་《འབྲིང་འཕེན་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》གི་གན་རྒྱ་ལས་ཕྱིར་འཐེན་
པའི་གོ་རིམ་འགོ་བརྩམ་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་2ཚེས་1ཉིན་ཁྱབ་བསྒྲགས་བྱས་དོན། ཨ་རིས་ཚེས་2ཉིན་ནས་བཟུང་《ཐག་འབྲིང་སར་འཕེན་པའི་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》ཡི་འོས་འགན་གནས་སྐབས་མི་བསྒྲུབ་པ་དང་། གན་རྒྱ་ལས་ཕྱིར་འཐེན་རྒྱུ་འགོ་བརྩམ་པ། 
    ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕུན་ཕའེ་ཨའོ་ཡིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགོད་པའི་ཚོགས་འདུའི་ཐོག ཨུ་རུ་སུའི་དུས་ཡུན་རིང་པོ་ལ《ཐག་འབྲིང་སར་འཕེན་པའི་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》གི་གཏན་འབེབས་དང་འགལ་བས། ཨ་རིས་གནས་སྐབས་ལ་ཆིངས་ཡིག་གི་འོས་བསྒྲུབ་རྒྱུ་མཚམས་འཇོག་རྒྱུ་དང་། དུས་ཡུན་ཟླ་བ་6རིང་ལ་གན་རྒྱ་ནས་ཕྱིར་འཐེན་རྒྱུ་འགོ་བརྩམ་རྒྱུ་ཡིན་ཞེས་བཤད། 
ཕུན་ཕའེ་ཨའོ་ཡིས། ཨུ་རུ་སུས་སླར་ཆིངས་ཡིག་ལ་བརྩི་སྲུང་བྱ་རྒྱུའི་རེ་བ་ཡོད་པ་དང་། ཨ་རི་དང་ཨུ་རུ་སུ་ཡིས་ཟླ་བ་6རིང་ལ་མུ་མཐུད་ནས་འདིའི་ཐད་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་བསྟན། 
      ཨུ་རུ་སུའི་དམག་ཕྱོགས་ཀྱིས་ཟླ་1ཚེས་23ཉིན་ཕྱི་ཕྱོགས་ལ་མཚོ་འགྲུལ་འཁྱམ་མྱུལ་བྱེད་པའི་འཕུར་མདའ་9M729འགྲེམས་སྟོན་བྱས་པ་དང་། འཕུར་མདའ་འདི་ཡིས་དོན་དངོས་ཀྱི་འཕེན་ཐག་ནི་སྤྱི་ལེ་480ཡས་མས་ཡིན་ཞིང་། 《ཐག་འབྲིང་སར་འཕེན་པའི་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》ཡི་གཏན་འབེབས་དང་འགལ་མེད་པ་བསྟན། 
      ཨ་རི་དང་སུའུ་ལེན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་1987ལོར་《སུའུ་ལེན་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཐག་འབྲིང་སར་དང་འབྲིང་བ་དང་ཉེ་སར་འཕེན་པའི་འཕུར་མདའ་མེད་པ་བཟོ་བའི་ཆིངས་ཡིག》ལ་མིང་རྟགས་བཀོད་པ་རེད། བསྡུས་མིང་ལ《ཐག་འབྲིང་སར་འཕེན་པའི་ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག》བཀོད། རྒྱལ་ཁབ་གཉིས་དེ་གནས་བཟུང་བར་ཐག་ལ་སྤྱི་ལེ་500ནས་5500ཡོད་པའི་སྐམ་སའི་མཚོ་འགྲུལ་འཁྱམ་མྱུལ་བྱེད་པའི་འཕུར་མདའ་དང་། མདེལ་ལམ་འཕུར་མདའ་དང་དེའི་མདའ་འཕེན་སྒྲིག་ཆས་ཉར་ཚགས་དང་། ཐོན་སྐྱེད། ཚོད་ལྟ་བཅས་བྱ་རྒྱུ་མེད་པ་གཏན་འབེབས་བྱས་ཡོད།