འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས“སྐད་འཕྲིན”སོགས་གསར་དུ་ཡོངས་བསྒྲགས་བྱས་པའི་སྤྱི་ཚོགས་
འབྲེལ་བའི་རིགས་ཀྱི་ཉེར་སྤྱོད་ཁེ་ལས་བཞི་ལ་སྐོང་འདྲི་དང་ཐུག་འཕྲད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་02ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་བའི་ལོའི་ནང་། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་》ལ་གཞིགས་ནས་《མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པའི་བདེ་འཇགས་ཚོད་སྐོར་གྱི་དོ་དམ་གཏན་འབེབས》དང་《གླེང་ཕྱོགས་ཀྱི་ངོ་བོ་ལྡན་པའམ་སྤྱི་ཚོགས་ལ་སྐུལ་སློང་གི་ནུས་པ་ལྡན་པའི་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་ཞབས་ཞུའི་བདེ་འཇགས་ཀྱི་ཚོད་སྐོར་གཏན་འབེབས་》སོགས་བཅའ་ཁྲིམས་རང་བཞིན་གྱི་ཡིག་ཆ་སྔ་རྟིང་དུ་གཏོན་ནས། མཉམ་འབྲེལ་དྲ་རྒྱའི་ལག་རྩལ་གསར་པ་དང་ནུས་པ་གསར་པ་ཉེར་སྤྱོད་གསར་པ་བཅས་དྲ་ཐོག་ཏུ་ཞུགས་པར་བསྒྲུབ་དགོས་ངེས་ཀྱི་ལས་དོན་གོ་རིམ་གཏན་འཁེལ་ཁ་གསལ་བྱས་ཡོད་པ་རེད།
     རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཉེ་དུས་བསྟུན་མར“སྐད་འཕྲིན་པར་གཞི་7.0” དང་"ཁ་བརྡའི་མཛོད” “སྐྱག་ཟོམMT” “འོད་ཁྱུག་ཁྱུག་"སོགས་སྤྱི་ཚོགས་འབྲེལ་བའི་རིགས་ཀྱི་ནུས་པ་གསར་པ་དང་ཉེར་སྤྱོད་གསར་པའི་ཁེ་ལས་ཀྱི་འགན་འཁུར་བ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་བདེ་འཇགས་ལམ་ལུགས་ཀྱི་གོ་རིམ་ལག་བསྟར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་འགན་དཀྲིས་པ་དང་། ཁྲིམས་ལྟར་བདེ་འཇགས་ཚོད་སྐོར་ལས་དོན་སྤེལ་དགོས་པའི་ཐད་ལ་སྐོང་འདྲི་དང་ཐུག་འཕྲད་བྱས་པ་རེད།