འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་2ཉིན།

༄༅།།ཁོར་ཡུག་པུས་ཤང་དང་གྲོང་རྡལ་རིམ་པའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཁབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་2019ལོའི་བརྙན་ལམ་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་གནད་དོན་8དགུན་དུས་ཨར་སྐྲུན་གྱི་དཀའ་གནད་ཆེ་བའམ་ཡང་ན་དོན་དངོས་ལས་གྲྭའི་འབོར་ཚད་ཆེ་བ་སོགས་ཀྱིས་རྐྱེན་པས་བཅོས་སྒྲིག་བྱེད་བཞིན་ཡོད་པ་ཕུད། གནད་དོན་གཞན་དག་6243བཅོས་སྒྲིག་བྱས་ནས་ལས་འགན་ལེགས་སྒྲུབ་ཐུབ་ཚད་99.9%ཟིན་ཏེ་གྲོང་མི་དུང་ཕྱུར་5.5དང་འབྲེལ་བ་ཡོད་པའི་འཐུང་ཆུའི་ཁོར་ཡུག་དང་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད་པ་རེད།
     འདི་ལོ་སྣོད་བཅུད་ཁོར་ཡུག་པུས“ཆུ་འགོའི་ཁུལ་གཅིག་དང་། ཇུས་གཞི་ཆ་ཚང་གཅིག དམ་འཛིན་མཐར་ཕྱིན་པ་བྱེད་པ་གཅིག”བཅས་ཀྱི་རྩ་དོན་ལ་གཞིགས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་ཕུད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20ཡི་རྫོང་རིམ་པ་ཡན་གྱི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་མུ་མཐུད་ཡག་པོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་སྔར་ཡོད་ཀྱི་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད། ཤང་དང་གྲོང་རྡལ་རིམ་པའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་འགོ་བཙུགས་ནས་ཆུ་མཁོ་འདོན་མི་འབོར་གྱིས་མི་10000གམ་ཡང་ན་ཉིན་རེར་འཐུང་ཆུ་ཏུན་1000ཡན་མཁོ་འདོན་བྱ་རྒྱུ་དེ་གྲལ་བཤེར་བཅོས་སྒྲིག་གི་གཙོ་གནད་དུ་བརྩིས་ནས་2020ལོའི་ལོ་མཇུག་ཏུ་འཐུང་ཆུའི་ཆུ་འགོའི་གཙང་བཤེར་བཅོས་སྒྲིག་ལས་དོན་སྤྱི་ཡོངས་ལ་ཕན་འབྲས་ཐོན་པ་བྱ་རྒྱུ་རེད།