འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅༎ཀྲུང་འཇར་བདེ་འཇགས་གླེང་མོལ་དང་ཀྲུང་འཇར་ཕྱི་འབྲེལ་ལས་ཁུངས་ཀྱི་དུས་གཏན་གྲོས་མོལ་
ཀྲུང་གོར་འཚོགས་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་31ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཁྱབ་བསྒྲགས་བྱས་དོན། ཟླ་2ཚེས་1ཉིན་ཀྲུང་འཇར་བདེ་འཇགས་ཐད་ཀྱི་གླེང་མོལ་ཐེངས་བཅུ་དྲུག་པ་དང་ཀྲུང་འཇར་ཕྱི་འབྲེལ་ལས་ཁུངས་ཀྱི་དུས་གཏན་གྲོས་མོལ་ཐེངས་ཉེར་བརྒྱད་པ་འཚོགས་རྒྱུ་ཡིན་ཞེས་བརྗོད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀེང་ཧྲོང་གིས་ཀྲུང་འཇར་ཕྱོགས་གཉིས་པོས་གྲོས་བསྡུར་བྱས་པར་བརྒྱུད་ཟླ་2ཚེས་1ཉིན་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁུང་ཞོན་ཡིའུ་ཡིས་ཀྲུང་གོར་འཚམས་འདྲིར་ཡོང་པའི་འཇར་པན་གྱི་ཕྱི་དོན་གྲོས་ཞིབ་དཔོན་སིན་ཅན་ལེའང་དང་ཀྲུང་འཇར་བདེ་འཇགས་ཐད་ཀྱི་གླེང་མོལ་ཐེངས་བཅུ་དྲུག་པ་དང་ཀྲུང་འཇར་ཕྱི་འབྲེལ་ལས་ཁུངས་ཀྱི་དུས་གཏན་གྲོས་མོལ་ཐེངས་ཉེར་བརྒྱད་པ་སྤེལ་རྒྱུ་གཏན་འབེབས་བྱས་པ་ཡིན་ཞེས་བརྗོད།
     ཁོང་གིས་ཕྱོགས་གཉིས་པོས་ཀྲུང་འཇར་འབྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་རྒྱལ་སྲུང་བདེ་འཇགས་སྲིད་ཇུས། དེ་མིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་ཕན་ཚུན་བསམ་འཆར་བརྗེ་རེས་བྱ་རྒྱུ་ཡིན་ཞེས་བརྗོད།