འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་1ཉིན།

༄༅༎ཆིང་ཏའོ་ཡིས་2019ལོའི་འཛམ་གླིང་སྤྲོ་གསེང་ལུས་རྩལ་ཚོགས་ཆེན་གཉེར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་01ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་པེ་ཅིང་དུ་ཆིང་ཏའོ(ལའེ་ཤིས)ཡི་2019ལོའི་འཛམ་གླིང་སྤྲོ་གསེང་ལུས་རྩལ་ཚོགས་ཆེན་གྱི་ཚོགས་རྟགས་དང་བཀྲ་ཤིས་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་དང་འབྲེལ། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་རྣམ་གྲངས་བུད་མེད་མི་སྒེར་གྱི་འགྲན་བསྡུར་ལ་ཨང་དང་པོ་ལེན་མཁན་ཀྲང་ཅོན་ཅོན་གཟུགས་བརྙན་མཚོན་པའི་ཕོ་ཉར་གཏན་འཁེལ་ཡང་བྱས་པ་རེད། འཚོག་ཡུན་སྐབས་གོང་མའི་ཉིན་10ནས་ཟླ་7བར་རིང་དུ་བཏང་བ་དང་འདི་ལོའི་ཟླ་4པ་ནས་ཟླ་10བར་འཚོག་རྒྱུ་ཡིན་པ་རེད།
     ད་ཐེངས་ནི་འཛམ་གླིང་གི་སྤྲོ་གསེང་ལུས་རྩལ་ཚོགས་ཆེན་གཉེར་ཐེངས་གསུམ་པ་ཡིན་ལ། 2015ལོར་སྐབས་གཉིས་པ་གཉེར་རྗེས་སླར་ཡང་ལའེ་ཤིས་སུ་གཉེར་བ་ཞིག་ཀྱང་རེད། ལའེ་ཤིས་ནི་ཆིང་ཏའོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་དེ་སྔ“2017ལོ་འཁོར་གྱི་ཀྲུང་གོའི་སྤུས་ཚད་ལྡན་པའི་སྤྲོ་གསེང་རྫོང་གྲོང་ཆེ་གྲས་བཅུའི”མཚན་སྙན་ཐོབ་མྱོང་ལ། རྒྱལ་ཡོངས་སུ་གྲགས་པའི“མདའ་རྩལ་མཁས་པའི་ཕ་ཡུལ”ཡང་རེད། ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་མདའ་འཕེན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་དང་པོ་ལེན་མཁན་ཀྲང་ཅོན་ཅོན་དང་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་མདའ་འཕེན་སྐྱེས་པའི་ཚོགས་པའི་ཟངས་ཀྱི་རྟགས་མ་ལེན་མཁན་ཅང་ལིན་ནི་ཡུལ་དེ་གའི་མི་རེད།