འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་31ཉིན།

༄༅༎ཅི་ལིན་ཁྲང་ཁྲུན་གྱི་སྡེ་ཁུལ་ཞིག་ཏུ་འབར་རླངས་ཤོར་ནས་མེ་སྐྱོན་བྱུང་བས་མི་8རྐྱེན་ལམ་དུ་ཤོར་ལ་
མི་3ལ་རྨས་སྐྱོན་ཕོག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་31ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་1ཚེས་30ཉིན་པར་བླངས་པའི་དོན་རྐྱེན་བྱུང་ཡུལ།
ཟླ་1ཚེས་30ཉིན་པར་བླངས་པའི་དོན་རྐྱེན་བྱུང་ཡུལ།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་30ཉིན་གྱི་ཆུ་ཚོད་ལྔ་དང་ཕྱེད་ཙམ་ལ། གྲོང་ཁྱེར་མེ་ཟོན་ཡན་ལག་རུ་ཁག་ལ་ཉེན་བརྡ་འབྱོར་ཅིང་། ལུའུ་ཡོན་ཆུས་ཆིན་ཁྲུན་ཁྲོམ་ལམ་དང་ཆིན་ལིན་ལམ་གྱི་ལམ་མདོའི་དབྱང་ཅ་སྡེ་ཁུལ་གྱི་སྡེ་ཚན་བཞི་པའི་ཐོག་བརྩེགས་4པའི་དུད་ཚང་ཞིག་གི་ཁྱིམ་དུ་འབར་རླངས་ཕྱིར་ཤོར་བས་འབར་གས་དང་མེ་སྐྱོན་བྱུང་། དོན་རྐྱེན་དེའི་ཁྲོད་དུ་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་3ལ་རྨས་སྐྱོན་ཕོག་ཡོད།
ཟླ་1ཚེས་30ཉིན་པར་བླངས་པའི་དོན་རྐྱེན་བྱུང་ཡུལ།
ཟླ་1ཚེས་30ཉིན་པར་བླངས་པའི་དོན་རྐྱེན་བྱུང་ཡུལ།