འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་30ཉིན།

༄༅༎ཧྥི་ལི་ཕིན་ལ་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པའི་ཐད་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་
ཙུང་ཐུང་ཏུའུ་ཐེར་ཐེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་སུའུ་ལུའུ་ཞིང་ཆེན་དུ་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པའི་ཐད་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཧྥི་ལི་ཕིན་སུའུ་ལུའུ་ཞིང་ཆེན་དུ་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་གློ་བུར་ཤེས་ཚོར་བྱུང་བས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་པ་དང་། ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་མཁན་དང་རྐྱེན་ལམ་དུ་ཤོར་བའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་ཞེས་གསུངས།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ལ། ཉེས་མེད་མི་སེར་ལ་དམིགས་པའི་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་རྒྱུ་ཡིན། ཧྥི་ལི་ཕིན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་གནས་ལ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་ནན་གསུངས་གནང་།