འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་30ཉིན།

༄༅།།རྔ་པ་ཀྲོའུ་མཛོད་དགེ་རྫོང་གི“བཀྲ་ཤིས་མཚོན་པའི་ཨ་ལད་པད་ཀོག”བྲིན་ཁ་རྒྱུག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་སྐ་ཆུ་སྡེ་ཁུལ་གྱི་གཞུང་ལས་ཁང་དུ་སྡེ་ཁུལ་གྱི་འགན་འཁུར་བ་དང་གཞིས་སྲུང་བུད་མེད་ཁག་གཅིག་སྐུ་མགྲོན་གྱིས་མངགས་ཉོ་བྱས་པའི“བཀྲ་ཤིས་མཚོན་པའི་ཨ་ལད་པད་ཀོག”བཟོ་བཞིན་ཡོད་པ་རེད།
     སྐ་ཆུ་སྡེ་ཁུལ་ལ་མཉམ་སྡེབ་དཔལ་འབྱོར་མེད་པས་གྲོང་མི་མང་ཆེ་བ་ཕྱིར་གླ་པར་འགྲོ་གི་ཡོད། སྡེ་ཁུལ་གྱི་འགན་འཁུར་བས་གྲོང་ཚོའི་གཞིས་སྲུང་བུད་མེད་མང་ཆེ་བས་ལྷམ་གདན་འཚེམ་ཤེས་པ་དང་། ཨུ་སུའུ་སྟོད་ཐུང་བསླ་ཤེས་པ། འཚེམ་དྲུབ་རྒྱག་ཤེས་པ་མ་ཟད་སྤུས་ཀ་ཧ་ཅང་དག་པོ་ཡོད་པ་ཤེས་རྗེས་ལག་རྩལ་བཟོ་ཁང་བཙུགས་ནས་ལག་ཤེས་ཐོན་ཟོག་བཙོངས་ཏེ་འབབ་འཕར་ཡོང་ཐབས་བྱ་རྒྱུ་བསམ་བློ་འཁོར།
     2016ལོར་སྐ་ཆུ་སྡེ་ཁུལ་ལག་རྩལ་བཟོ་ཁང་བཙུགས་ནས་བུད་མེད་ཚོས་བོད་པའི་འཚེམ་དྲུབ་དང་། ལྷམ་གདན། དྲི་ཞིམ་ཁུག་མ་སོགས་ཐོན་ཟོག་བཟོས་པར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཐོན་ཟོག་དེ་དག་གྲོང་རྡལ་ནང་གི་གསོལ་མགྲོན་ཁང་གིས་ཚབ་ཚོང་བྱས་པར་ཡོང་འབབ་ཡག་པོ་བྱུང་ཡོད།
     2018ལོའི་ཟླ་ལྔ་པར་རྔ་པ་ཀྲོའུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་མཐུན་སྦྱོར་བྱས་པའི་རྨང་གཞིའི་ཐོག་བློ་རིག་གསལ་ལ་ལག་བདེ་བའི་བུད་མེད་ཚོས་ཆའང་རིགས་ཀྱི་མི་སྣའི་གཟུགས་བརྙན་མཚོན་པའི་ཐོན་ཟོག་གསར་པ“བཀྲ་ཤིས་མཚོན་བྱེད་ཀྱི་ཨ་ལད་པད་ཀོག”བཟོས་པར་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ཆ་མཛོད་དགེའི“བཀྲ་ཤིས་མཚོན་བྱེད་ཀྱི་ཨ་ལད་པད་ཀོག”གྲོགས་ཚོགས་ནང་ཁྱབ་རྒྱ་ཆེན་པོ་བྱུང་སྟེ་ཧུང་ཆི་མུ་འབྲེལ་ཚོང་ཁང་སོགས་ནས་ཉོ་ཐུབ་པ་མ་ཟད། ད་དུང་ཧོ་ལན་སོགས་རྒྱལ་ཁབ་ཏུ་ཕྱིར་ཚོང་ཡང་བྱས་ཡོད།