འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅།།བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བོད་ཀྱི་ཡིག་གཟུགས་
འགྲེམས་སྟོན་པེ་ཅིང་དུ་གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བོད་ཀྱི་ཡིག་གཟུགས་
འགྲེམས་སྟོན་པེ་ཅིང་དུ་གཉེར་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན”ཞེས་པའི་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་པེ་ཅིང་ཀྲུང་གོའི་རིག་རྩལ་མཁས་ཅན་གྱི་ཁྱིམ་གཞིས་འགྲེམ་སྟོན་ཁང་དུ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། ཐེངས་འདིའི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་དང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད།
     ཐེངས་འདིའི་འགྲེམས་སྟོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།  བོད་ལྗོངས་ཀྱི་རིག་རྩལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་སྙན་ཞུ་བྱས་པ་ཞིག་རེད། འགྲེམས་སྟོན་ནི་ཟླ་1ཚེས་26ཉིན་བར་རྒྱུན་མཐུད་ངང་གཉེར་རྒྱུ་རེད།
【1】  【2】
༄༅།།བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བོད་ཀྱི་ཡིག་གཟུགས་
འགྲེམས་སྟོན་པེ་ཅིང་དུ་གཉེར་འགོ་ཚུགས་པ།