འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་23ཉིན།

༄༅།།སྲིད་གཞུང་གིས“ལས་མཚམས་བཞག་པ”ལས་ཨ་རིའི་སྤུས་ལེགས་སྦི་རག་ལས་རིགས་ལ་“དཀའ་ངལ་
བཟོས་པ”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།སྲིད་གཞུང་གིས“ལས་མཚམས་བཞག་པ”ལས་ཨ་རིའི་སྤུས་ལེགས་སྦི་རག་ལས་རིགས་ལ་“དཀའ་ངལ་
བཟོས་པ”
     མི་དམངས་དྲ་བའི་འཕྲིན། སྦི་རག་སྙོལ་བཟོ་བྱེད་མཁན་ཚོང་པ་ཁོའོ་ཁེ་སི་ཡི་སྤུས་ལེགས་སྦི་རག་བཟོ་ཁང་ནི་ཝ་ཧྲིན་ཐོན་གྱི་ཀོ་ལུན་པི་ཡ་དམིགས་བསལ་ཁུལ་གྱི་བྱང་ཤར་ཁུལ་དུ་གནས་ཡོད་པ་དང་། སྦི་རག་གི་སྤུས་ཚད་ཧ་ཅང་ལེགས་པ་དང་། བྲོ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། བཟོ་ཁང་གི་ཚོང་ལས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་།  ལོ་གསར་པའི་ནང་དུ་འགོ་ཡག་པོ་ཞིག་བརྩམ་ཆེད། ཁོའོ་ཁེ་སིར་ཟླ་2པའི་ཟླ་འགོར་ཁམ་ཚིག་གི་བྲོ་བ་ལྡན་པའི་རྒྱ་གར་གྱི་སྐྱ་མདོག་སྦི་རག་བཟོ་རྒྱུའི་འཆར་གཞི་ཡོད་ལ། བསྙལ་ཟིན་སྦི་རག་དམ་བེའི་ནང་བླུགས་འགོ་བརྩམ་ལ་ཉེ་དུས། ཁོའོ་ཁེ་སི་དགའ་ཚོར་མི་སྐྱེ་བར་གྱུར། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་ལ་གཞིགས་ན། ཨ་རག་སྙལ་མཁན་ཚོང་པས་ཐོན་རྫས་གསར་པ་ཁྱབ་བསྒྲགས་མ་བྱས་གོང་ཨ་རིའི་ནོར་སྲིད་པུའི་གཤམས་འོག་གི་ཨ་རག་དང་ཐ་མག་གི་ཁྲལ་དོན་དང་ཚོང་དོན་ཅུས་ལ་ཚོང་རྟགས་ཀྱི་ཞིབ་མཆན་འགོད་པའི་རེ་ཞུ་འབུལ་དགོས། ཚོང་རྟགས་ལ་ཆོག་མཆན་ཐོབ་རྗེས། ཐོན་རྫས་ཨ་རིའི་མངའ་ཁོངས་ཡོངས་ཀྱི་ཁྲོམ་རར་འདོན་ཆོག་གི་ཡོད། ཡིན་ནའང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྒྲིག་གཞི་ཁག་ཅིག་གི་འཁོར་སྐྱོད་འགྲོ་སོང་ད་བར་འདོན་འཁྱོལ་མ་བྱུང་བས། ཨ་རག་དང་ཐ་མག་གི་ཁྲལ་དོན་དང་ཚོང་དོན་ཅུས་ཟླ་བ་གཅིག་ཏག་ཏག་་“ལས་མཚམས་བཞག་པ་”རེད། འདིའི་རིང་། སྦི་རག་སྙལ་མཁན་ཚོང་པས་དྲ་ཐོག་ནས་ཐོན་རྫས་གསར་པའི་ཚོང་རྟགས་ལ་ཞིབ་མཆན་འགོད་རྒྱུའི་རེ་ཞུ་བྱེད་ཆོག་མོད། ཡིན་ནའང་། བདག་སྤྲོད་བྱེད་མཁན་མེད་པ་རེད།  དེའི་ཐོག་ནས་སྲིད་གཞུང་“ལས་མཚམས་བཞག་པ”མཇུག་མ་སྒྲིལ་གོང་། ཁོའོ་ཁེ་སིར་གཞུང་ཕྱོགས་ཀྱིས་སྤྲོད་པའི་ཐོན་རྫས་གསར་པའི་ཚོང་རྟགས་ཀྱི་ཆོག་འཐུས་རག་མི་ཐུབ་པ་མཚོན།
【1】  【2】
༄༅།།སྲིད་གཞུང་གིས“ལས་མཚམས་བཞག་པ”ལས་ཨ་རིའི་སྤུས་ལེགས་སྦི་རག་ལས་རིགས་ལ་“དཀའ་ངལ་
བཟོས་པ”