འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་16ཉིན།

༄༅༎ཀྲུང་གོའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཁག་21པའི་དམག་མིའི་སྨན་པའི་
ཚོགས་ཆུང་ལ་བྱས་རྗེས་གཟེངས་རྟགས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཙན་པི་ཡའི་རྒྱལ་སྲུང་པུས་སྐམ་དམག་གི་སི་ལིང་པུའུ་རུ་ཀྲུང་གོའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཁག་21པའི་དམག་མིའི་སྨན་པའི་ཚོགས་ཆུང་གི་ཁོངས་མི་11ལ“རྒྱལ་སྤྱིའི་མཉམ་ལས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་ནས་དམག་མིའི་སྨན་པའི་ཚོགས་ཆུང་གིས་ཙན་པི་ཡར་བཅའ་སྡོད་བྱེད་རིང་ཕུལ་བའི་མངོན་གསལ་དོད་པའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་པ་རེད།
     ཙན་པི་ཡའི་དམག་ཕྱོགས་ཀྱི་འཐུས་མི་དང་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ལའེ་པོ་སོགས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།
     ཙན་པི་ཡའི་སྐམ་དམག་གི་སི་ལིང་གཞོན་པ་ཨ་ལི་པུའུ་ཙི་ཝུའེ་ཡིས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་པ་དང་། ཙན་པི་ཡ་སྲིད་གཞུང་དང་། རྒྱལ་སྲུང་པུའུ། དྲག་ཆས་སྟོབས་ཤུགས་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡའི་སྨན་བཅོས་དང་འཕྲོད་བསྟེན་ཁྱབ་ཁོངས་ལ་རྒྱུན་མཐུད་ངང་སྒེར་སེམས་མེད་པར་རོགས་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཙན་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་རྒྱ་ཆེ་དང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཁག་21པའི་དམག་མིའི་སྨན་པའི་ཚོགས་ཆུང་དེ་སྨན་ཁང་མང་པོ་དང་ནན་ཅིང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་སུའོ་སོགས་ཚན་པ་ནས་འཐེན་པའི་མི་སྣ་ལས་གྲུབ་པ་ཞིག་ཡིན། དེའི་ནང་སྙིང་ནད་ཚན་ཁག་དང་། རུས་ནད་ཚན་ཁག མིག་ནད་ཚན་ཁག རྣ་མིག་མགྲིན་ནད་ཚན་ཁག ཁ་ནད་ཚན་ཁག སྤྱིར་བཏང་ཕྱི་ནད་ཚན་ཁག ཁྲག་རྒྱུན་གཙང་སེལ་ཚན་ཁག འཇུ་བྱེད་ཁོག་ནད་ཚན་ཁག བརྙན་པར་ཚན་ཁག་སོགས་ཚུད་ཡོད། 2018ལོའི་ཟླ་1ཚེས་11ཉིན་ཙན་པི་ཡར་འབྱོར་ནས་དུས་ཡུན་ལོ་གཅིག་ལས་འགན་བསྒྲུབས་པ་དང་། ཁག་22པའི་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་དམག་མིའི་སྨན་པའི་ཚོགས་ཆུང་ཉེ་ཆར་ཙན་པི་ཡར་འབྱོར་བ་རེད།