འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་15ཉིན།

༄༅།ལཱ་སི་ཝེ་ཅཱ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཐོག་ཀྲུང་གོའི་ཁེ་ལས་ཀྱི་ཐོན་རྫས་ལ་
“གསར་གཏོད་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་15ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་ལཱ་སི་ཝེ་ཅཱ་སིར་ཚོགས་བཞིན་པའི་2019ལོའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན(CES)ཐོག་ཁེ་ཏཱ་ཤུན་ཧྥེ་སོགས་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་དུ་བཏོན་པའི་རིག་ནུས་ཉན་ཆས་ཤིག་ལ“གསར་གཏོད་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།
     འདི་ནི་ཁེ་ཏཱ་ཤུན་ཧྥེ་CESནང་ཞུགས་ཐེངས་གཉིས་པ་ཡིན་ཞིང་། ཀུང་སི་དེས་འདི་ལོ་རྒྱའི་སྐད་ཡིག་དང་སྐད་ཡིག་རིགས་50ཕན་ཚུན་བསྒྱུར་ཐུབ་པའི་ཡིག་སྒྱུར་འཕྲུལ་ཆས་རབས་གསར་པ་དང་སྐད་བརྡ་དེ་མ་ཉིད་དུ་ཡི་གེར་ཕབ་ཐུབ་པའི་ཡིག་སྒྱུར་སྒྲ་འཇུག་སྨྱུག་གུ་སོགས་ཀྱི་ཐོན་རྫས་གསར་པ་འགྲེམས་ཞུགས་བྱས་ཡོད། དེའི་ནང་སྨི་ཀུ་ཀུང་སི་དང་མཉམ་དུ་བཏོན་པའི་སྐད་བརྡས་བཀོལ་སྤྱོད་ཐུབ་པའི་རིག་ནུས་ཉན་ཆས་Mobius Eliteལ་ཉན་ཆས་རིགས་ཀྱི“གསར་གཏོད་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་རེད། CESཡིས་བཙུགས་པའི་གསར་གཏོད་བྱ་དགའི་ནང་རིགས་ཁག་ཁྲོད་ཀྱི་ཐོན་རྫས་སམ་ཡང་ན་ལག་རྩལ་ཡག་ཤོས་གྲས་ལ“གསར་གཏོད་ཡག་ཤོས་ཀྱི་བྱ་དགའ”སྤྲོད་ཀྱི་ཡོད།