འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅།།མི་ཚང་མས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་དྲིལ་བསྒྲགས་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་འཚོགས་པའི་ཡུན་ནན་བདེ་ཆེན་ཀྲོའུ་ཡི“ཚོགས་འདུ་གཉིས”ཀྱི་ཐོག་བདེ་ཆེན་ཀྲོའུ་ཡུལ་སྐོར་གསར་སྤེལ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས“‘འཛམ་གླིང་གི་སེམས་ཀྱི་ཉི་ཟླ’ནི་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ཁྱིམ་གཞིས་ཡིན་པས། སྤུས་རྟགས་དེ་ཉིད་དྲིལ་བསྒྲགས་བྱ་རྒྱུ་ནི་ཡུལ་སྐོར་དང་དྲིལ་བསྒྲགས་སྡེ་ཚན་གྱི་ལས་དོན་ཞིག་ཡིན་པ་མ་ཟད། བདེ་ཆེན་བ་ཚང་མས་དེའི་ཆེད་དེ་བས་འབད་བརྩོན་བྱེད་དགོས”ཞེས་རེ་འབོད་བྱས་པ་རེད།
     འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་མཐོར་གཏོང་དང་ལེགས་སུ་གཏོང་རྒྱུ་དེ་བདེ་ཆེན་བའི་འགན་འཁྲི་དང་འོས་འགན་རེད། 1997ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དབུ་བརྙེས་ནས་ལོ་40འཁོར་བའི་སྐབས་སུ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འཛམ་གླིང་ལ་འཛམ་གླིང་གི་སྐྱེ་བོ་ཚོས་དུས་རབས་ཕྱེད་ཀ་ལྷག་བཙལ་བའི་ཤམ་བྷ་ལ་ཡུན་ནན་བདེ་ཆེན་དུ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། དེ་ནས་བཟུང“མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། ཐག་རིང་རྗེས་ལུས”ཀྱི་བདེ་ཆེན་གྱི་རྣམ་པ་དེ“ངོ་མཚར་ཅན་གྱི་རང་བྱུང་མཛེས་ལྗོངས་དང་། མི་རིགས་ཀྱི་རིག་གནས་སྣ་ཚོགས་མཉམ་འདྲེས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”བཅས་ཀྱི་སེམས་ཀྱི་ཉི་ཟླའི་རྣམ་པ་གསར་པས་ཚབ་བྱས་པ་དང་། བདེ་ཆེན་འདི་ཉིད་ཡུལ་སྐོར་ལས་རིགས་སྣེ་འདྲེན་གྱིས་ཐོན་ལས་གཞན་སྣེ་ཁྲིད་བྱེད་པའི་མཆོང་སྐྱོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། ལོ་20ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། སེམས་ཀྱི་ཉི་ཟླའི་མིང་གྲགས་ཆེ་རུ་ཕྱིན་པ་དང་སྤུས་རྟགས་ཀྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོས་མངོན་ཁར། བདེ་ཆེན་བས་འཛམ་གླིང་རིམ་པའི་སྤུས་རྟགས་གཏོད་འཛུགས་དང་རིམ་པ་མཐོ་རུ་གཏོང་བའི་ནང་དམིགས་ཚད་ཡོད་ལ་ཕན་པའང་ཐོབ་ཡོད།
     ཕྱི་ཕྱོགས་དྲིལ་བསྒྲགས་ཐད་ད་ཆ་དྲ་སྦྲེལ་ལག་རྩལ་དར་རྒྱས་ཆེ་བ་དང་། རིག་ནུས་ལག་ཁྱེར་དར་ཁྱབ་ཆེ་བས། ལག་ཐོགས་ཁ་པར་ནས་ཚགས་པར་ལྟ་ཐུབ་ལ། སྒྲ་བསྡུ་འཕྲུལ་འཁོར་ཉན་ཐུབ་པ་དང་བརྙན་འཕྲིན་ལྟ་ཐུབ་པས་མཛུབ་མོ་མནན་ཙམ་བྱས་ན། སེམས་ཀྱི་ཉི་ཟླ་ངོ་སྤྲོད་ཀྱི་པར་རིས་མཐོང་ཐུབ་པ་མ་ཟད། ཕྱི་ཕྱོགས་སུ་སེམས་ཀྱི་ཉི་ཟླ་དྲིལ་བསྒྲགས་ཐུབ་ཀྱི་ཡོད།
     “སེམས་ཀྱི་ཉི་ཟླར་མི་ཚང་མས་གཅེས། ཁྱེད་ཞུགས་ན་དེ་བས་ངོ་མཚར་ལྡན”ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་དེ་དྲིལ་བསྒྲགས་སྡེ་ཚན་དང་ཡུལ་སྐོར་སྡེ་ཚན་ལ་བརྟེན་དགོས་ལ། བདེ་ཆེན་བ་ཚང་མར་ཡང་བརྟེན་དགོས། ཚང་མས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ཚེ་ང་ཚོའི་སེམས་ཀྱི་ཉི་ཟླ་གཞི་ནས་དྲིལ་བསྒྲགས་ཡག་པོ་བྱེད་ཐུབ།