འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ་ཧེན་ཁྲེང་ཧྥུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁ་ར་ཁ་སི་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ། ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཧེན་ཁྲེང་ཧྥུ་ཟླ་1ཚེས་10ཉིན་ཝེ་ནེ་ཙུའེ་ལའི་རྒྱལ་ས་ཁ་ར་ཁ་སིར་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོས་ལས་ཁུར་བསྟུད་འཛིན་བྱེད་པའི་འགན་བཞེས་མཛད་སྒོར་ཞུགས་པ་དང་། ཚེས་8ཉིན་མཱ་ཏུའུ་ལོ་དང་མཇལ་འཛོམས་བྱས་པ་རེད།
     ཧེན་ཁྲེང་ཧྥུས་མཱ་ཏུའུ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་བྱས་པ་དང་།  ཧེན་ཁྲེང་ཧྥུས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕུན་ཚུན་ཡིད་ཆེས་དང་ཕུན་ཚུན་རོགས་རམ་བྱེད་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་རོགས་པ་ཡག་པོ་ཞིག་ཡིན། ད་ལོ་ནི་ཀྲུང་ཝེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་པོས་གོ་སྐབས་འདི་དང་བསྟུན་ནས་མུ་མཐུད་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛོན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ཕན་ཚུན་དབར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་།  དངོས་སྒྲུབ་མཉམ་ལས་ཇེ་ཆེར་གཏོང་དགོས། གོམ་གང་མདུན་སྤོས་ངང་ཀྲུང་ཝེ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་ཟླའི་འབྲེལ་བའི་ནང་དོན་འཐུས་སྒོ་ཚང་དུ་གཏོང་དགོས་ལ། སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བརྗོད་པ་རེད། 
     མཱ་ཏུའུ་ལོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་བསྐོས་ཕོ་ཉ་མངགས་ནས་ཁོང་གི་འགན་བཞེས་མཛད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་།  མཱ་ཏུའུ་ལོས་ཝེ་ནེ་ཙུའེ་ལའི་སྲིད་གཞུང་དང་མི་དམངས་ཀྱིས་ཝེ་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བར་བརྩི་མཐོང་བྱེད་ཀྱི་ཡོད་ལ།  ཀྲུང་གོར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་40རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་བརྩི་འཇོག་ཡིད་སྨོན་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཀྲུང་གོ་དང་མཐོ་རིམ་དབར་གྱི་སྤེལ་རེས་རྒྱུན་འཁྱོངས་བྱེད་འདོད་ཡོད་ལ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་ཞིང་ལས་སོགས་ཁྱབ་ཁོངས་ཁག་གི་དངོས་གྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཝེ་ཀྲུང་དབར་གྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བརྗོད།