འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་11ཉིན།

༄༅༎ཀྲུང་གོའི་མཚོ་དམག་ཁག་སུམ་ཅུ་པའི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུས་ཁམ་ཕུ་ཁྲེར་འཚམས་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་11ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་གྲོང་ཁྱེར་ཤི་ཧ་ནུའུ་ཁེ་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་9ཉིན་འཕུར་མདའི་སྲུང་སྐྱེལ་དམག་གྲུ་ཝུའུ་ཧུའུ་དམག་གྲུ་དང་། ཧན་ཏན་དམག་གྲུ ཕྱོགས་བསྡུས་གསབ་སྣོན་དམག་གྲུ ཏུང་ཕིང་མཚོའི་དམག་གྲུ་བཅས་ལས་གྲུབ་པའི་ཀྲུང་གོའི་མཚོ་དམག་གི་སྲུང་སྐྱེལ་དཔུང་རུ་ཁག་སུམ་ཅུ་པ་ཕམ་ཁུ་ཁྲེའི་ཤི་ཧ་ནུའུ་ཁེ་གྲུ་ཁར་འབྱོར་ནས་ཁམ་ཕུ་ཁྲེར་ཉིན་བཞི་ཡི་མཛའ་གྲོགས་འཚམས་འདྲི་བྱ་རྒྱུ་རེད། འདི་ནི་ཀྲུང་གོའི་མཚོ་དམག་དམག་གྲུའི་དཔུང་རུས་ད་ཕན་ལོ་ཤས་རིང་ཁམ་ཕུ་ཁྲེར་འཚམས་འདྲི་བྱེད་ཐེངས་བཞི་པ་དེ་ཡིན་པ་རེད།
     ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་10པར་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བཙུགས་པའི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་སུམ་ཅུ་པའི་མཚོ་དམག་དམག་གྲུའི་དཔུང་རུས་བཀོད་འདོམས་པ་ཧྲའོ་ཅང་དམག་དཔོན་ཞུས་ཧའེ་ཧྭ་དང་ཏུའུ་ནེ་ཧྭ་ཡི་སྣེ་ཁྲིད་འོག་ཁམ་ཕུ་ཁྲེའི་ཤི་ཧ་ནུའུ་ཁེ་གྲུ་ཁར་འབྱོར་བ་རེད། ཁམ་ཕུ་ཁྲེའི་མཚོ་དམག་དམག་གྲུས་ཀྲུང་གོའི་མཚོ་དམག་དཔུང་རུའི་དམག་གྲུར་རམ་འདེགས་བྱས་ཡོད། དམག་ཆས་དཀར་པོ་གྱོན་པའི་ཀྲུང་གོའི་མཚོ་དམག་མཚོ་འགྲུལ་སྲུང་སྐྱེལ་དམག་གྲུའི་དཔོན་དམག་ཚོས་རུ་བསྒྲིགས་ཏེ་དགའ་བསུ་ཞུ་མཁན་ཚོར་ལག་པ་གཡུག་གཡུག་བྱས་ནས་གུས་ལན་ཞུས་པ་རེད།
     ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་གྱིས་གཞུང་ཚབ་ཁང་གི་ལས་དོན་མི་སྣ་དང་། ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་མཁན་དམག་དོན་རིགས་གཅིག་མཁས་ཅན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་འཛིན་ལྷན་ཚོགས། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་བཅས་ཀྱི་སྣེ་ཁྲིད་དེ་གྲུ་ཁར་ཕེབས་བསུ་ཞུས་པ་དང་། ཕམ་ཕུ་ཁྲེའི་མཚོ་དམག་ཡུན་རེན་རྟེན་གཞིའི་སི་ལིང་གཞོན་པ་ཧྲའོ་ཅང་དམག་དཔོན་ལའོ་ཝུའེ་སི་ནཱ་དང་ཁམ་ཕུ་ཁྲེའི་མཚོ་དམག་གི་དཔོན་དམག་འཐུས་མི་བཅས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད། དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་མི་རྣམས་ཀྱིས་དཔུང་རུའི་དམག་གྲུར་ལྟ་སྐོར་བྱས་པ་རེད།