འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་4ཉིན།

༄༅།།སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཡོམ་ཁུལ་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་
གཞི་རྩའི་ཆར་རྒྱུན་ལྡན་ལྟར་ཡིན་པ་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་04ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཡོམ་ཁུལ་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་
གཞི་རྩའི་ཆར་རྒྱུན་ལྡན་ལྟར་ཡིན་པ་བརྗོད།
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཟླ་1ཚེས་3ཉིན་གྱི་སྔ་དྲོ་འཚོགས་པའི་ཀུང་རྫོང་དུ་ས་ཡོམ་རིམ་པ་5.3བྱུང་བའི་གསར་འགྱུར་བརྡ་གཏོང་འཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཐེངས་འདིའི་ས་ཡོམ་དང་ཤིན་ཝུན་གྱི་ས་ཡོམ་རིམ་པ་5.7ནི་ས་ཡོམ་ཁུལ་གཅིག་གི་ཁོངས་སུ་གནས་ཡོད་མོད། འོན་ཀྱང་རྐྱེན་རྩ་འདྲ་གི་མེད་།
     སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་ཞའོ་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན་།  ད་ཐེངས་ས་ཡོམ་གྱི་ཡོམ་ཁུལ་གཙོ་བོ་གནས་ས་དེ་ཀུང་རྫོང་ཏིལ་ཏུང་གྲོང་རྡལ་གྱི་ཉེ་འགྲམ་དུ་ཡིན་པ་དང་། ཏིལ་ཏུང་གྲོང་རྡལ་དང་།  ཡུས་ཧོ་ཤང་། ཧྲང་ལའོ་གྲོང་རྡལ་ལ་ཁང་པ་རྡིབ་པའི་གནས་ཚུལ་ཐོན་ཡོད་པ་དང་། ཧྲན་ཧོ་ཤང་དུ་ཁང་པའི་ཐོག་གི་རྫ་གཡམ་ལྷུང་བ་དང་།  ཁང་པར་སེར་ཀ་ཤོར་བའི་གནས་ཚུལ་ཐོན་ཡོད་པ་རེད། ན་ནིང་གི་ཟླ་12ཚེས་6ཉིན་་ཤིན་ཝུན་དུ་ས་ཡོམ་རིམ་པ་5.7ཐོན་རྗེས་། Dརིམ་པའི་ཉེན་ཁ་ཡོད་པའི་ཁང་པ་ནས་སྤོས་པའི་དུད་ཚང་130ཡི་མི་རྣམས་ཚུར་སྤོས་མེད་པས། མི་སྣ་བདེ་འཇགས་ཡིན་པ་རེད། མིག་སྔའི་བར་། ས་ཡོམ་ཁུལ་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་གཞི་རྩའི་ཆར་རྒྱུན་ལྡན་ལྟར་ཡིན་ཞིང་།  ད་བར་མི་སྣ་འཆི་རྨས་ཀྱི་གནས་ཚུལ་འབྱོར་མེད་པ་རེད།
༄༅།།སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཡོམ་ཁུལ་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་
གཞི་རྩའི་ཆར་རྒྱུན་ལྡན་ལྟར་ཡིན་པ་བརྗོད།