འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།“སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་དཔེ་སྟོན་འདོན་ཀློག་མཛོད”ཅེས་པའི་ཁག་གཉིས་པའི་བརྩམས་ཆོས་འགྲེམས་སྤེལ་བྱེད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང“སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་དཔེ་སྟོན་འདོན་ཀློག་མཛོད”ཅེས་པའི་ཁག་གཉིས་པའི་སྒྲ་ལམ་བསླབ་གཞི་100དངོས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད། འདོན་ཀློག་མཛོད་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མར་ཚད་ལྡན་སྤྱི་སྐད་ཁྱབ་གདལ་གཏོང་བའི་སྒྲ་ལྡན་བསླབ་གཞི་ཞིག་རེད། དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། སློབ་གསོ་པུའུ། རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕུལ་བྱུང་རྒྱང་བསྒྲགས་པ་དང་། གཙོ་སྐྱོང་བ། སྒྲ་ཕབ་པ་རྩེ་གྲ་བཅས་གཅིག་སྡུད་བྱས་ནས་ཐུན་མོང་ཐོག་ཕབ་སྒྲིག་བྱས་པ་ཞིག་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཚད་གཞི་མཐོ་བ་དང་སྤུས་ཀ་དག་པའི“སྒྲ་ལྡན་སྐད་ཡིག་བསླབ་གཞི”དེའི་ནང་དོན་གྱི་ཁོངས་སུ་སློབ་གསོ་པུས་སྒྲིག་བཟོ་བྱས་པའི་སློབ་གཞི་སྟེ་སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་སློབ་དེབ་ཆ་ཚང་ཚུད་པ་དང་། འདི་ལོའི་ཟླ་5པར་ཁག་དང་པོར་སྒྲ་ལམ་བསླབ་གཞི་100འགྲེམས་སྤེལ་བྱས་པ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དུང་ཕྱུར་1.5དང་དགེ་རྒན་ཁྲི་900ལྷག་ཙམ་གྱིས་ཚད་གཞི་དང་མཐུན་ཤོས་ཀྱི་ཀྲུང་གོའི་སྐད་སྒྲ་ཉན་པ་ལས་ཀྲུང་གོའི་སྐད་ཡིག་རིག་གནས་ཀྱི་ཉམས་འགྱུར་མྱོང་ཚོར་ཐུབ་ཡོད།