འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་16ཉིན།

༄༅།།《ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་ཧྲིལ་པོའི》དཔེ་ཚོགས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་16ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། མི་དམངས་དཔེ་སྐྲུན་ཁང་གིས་རྒྱལ་ཡོངས་ཀྱི་མི་དམངས་དཔེ་སྐྲུན་ཁང་ཁག་དང་མཉམ་དུ《ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་ཧྲིལ་པོའི》དཔེ་ཚོགས་དཔེ་སྐྲུན་བྱས་པ་རེད།
          དཔེ་ཚོགས་དེ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུས་གཏན་འཁེལ་བྱས་པའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་དཔེ་དེབ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་མི་དམངས་དཔེ་སྐྲུན་ཁང་དང་མཉམ་དུ་རྩོམ་སྒྲིག་བྱས་པ་དང་། མི་དམངས་དཔེ་སྐྲུན་ཁང་དང་རྒྱལ་ཡོངས་ཀྱི་མི་དམངས་དཔེ་སྐྲུན་ཁང་ཁག་གིས་མཉམ་དུ་དཔེ་སྐྲུན་བྱས་པ་ཞིག་རེད། དཔེ་ཚོགས་དེར་པོད་32ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་ལོ་རྒྱུས་ཀྱི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྣམ་པ་ཧྲིལ་པོར་བརྟེན་ནས་རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པ་རེད།