འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་15ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེ་མོའི་ཐོག་གི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་15ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེ་མོའི་ཐོག་གི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན།
           ཟླ་12ཚེས་13ཉིན་པེ་ཅིང་ཚན་རྩལ་སློབ་ཆེན་རྩིས་འཁོར་དང་འཕྲིན་གཏོང་འདུ་འགོད་སློབ་གླིང་གི་2017ལོ་དང་2018ལོའི་ཏང་ཞུགས་ཧུར་བརྩོན་ཅན་20ལྷག་ཙམ་གྱིས་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་དེ“རླབས་ཆེན་གྱི་གསར་སྒྱུར—སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེ་མོར”ལྟ་སྐོར་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུ་ཕྱིར་དྲན་བྱས་པ་དང་འགྲེམས་སྟོན་གྱི་ནང་དོན་དང་ཟུང་འབྲེལ་གྱིས་ཆེད་ལས་སློབ་སྦྱོང་དང་ལས་རིགས་འཕེལ་རྒྱས་ཐད་གྲོས་བསྡུར་བྱས་ཏེ་བརྗོད་དོན་གཙོ་བོའི་ལྟ་སྐོར་རྣམ་པ་དང་། སྤེལ་རེས་རྣམ་པ། ཡུལ་དངོས་རྣམ་པ་བཅས་ཀྱི་ཏང་གི་སློབ་ཚན་ཞིག་འཚོགས་ཤིང་། འདི་ནི་པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་དང་ལས་བྱེད་པ་དང་ལས་བཟོ་ཚོ་དང་དེ་བཞིན་སློབ་གྲྭ་དེའི་རྩིས་འཁོར་དང་འཕྲིན་གཏོང་འདུ་འགོད་སློབ་གླིང་གི་ཏང་ཞུགས་ཧུར་བརྩོན་ཅན་ཚོས་ལྷོ་ཆུ་བྱང་འདྲེན་འདུ་འགོད་ཀྱི་དཔེ་དབྱིབས་ལ་ལྟ་བའི་གནས་ཚུལ་ཡིན་པ།