འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་14ཉིན།

༄༅།།མགོ་ལོག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་གྱི་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པ། 

རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་ཚོར་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུཌ་མངོན་པར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིས་ཧའེ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། 2018ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་གྱི་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ཁང་དུ་གཉེར་བ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་གྱི་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་ཚོར་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
         ཧྲང་ཧའེ་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་དངོས་མང་སྟོན་ཚོགས་སྐབས་བཞི་པར་རྒྱལ་ཁབ་15ནས་ཡོང་བའི་ཚོང་དུད་300ལྷག་ཙམ་ཞུགས་ཡོད་ཅིང་། དེའི་གྲས་སུ་འཚེམ་དྲུབ་དང་། འཁེལ་འཐག རྫ་ཆས། སྨྱུག་ཆས་སོགས་ཚུད་པའི་ལག་ཤེས་བཟོ་རྩལ་གྱི་ཕུལ་བྱུང་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།
          འདི་ལོ་མགོ་ལོག་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་ཁེ་ལས་ལྔ་ཡིས་མཚོ་སྔོན་གྱི་དངུལ་རྒྱན་དང་། དངུལ་ཆས། སྲོལ་རྒྱུན་གྱི་ལག་ཤེས་འཁེལ་འཐག སྤོས་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་རྣམས་ལག་ཤེས་བཟོ་རྩལ་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་ཡོད།
         ཉེ་བའི་ལོ་ཤས་རིང་། མགོ་ལོག་ཀྲོའུ་ཡིས་ཧྲང་ཧའེ་སློབ་ཆེན་མཛེས་རྩལ་སློབ་གླིང་དང་ཧྲང་ཧའེ་བཟོ་རྩལ་དང་མཛེས་རྩལ་སློབ་གླིང་སོགས་ཞིང་ཆེན་ཕྱི་ནང་གི་མཐོ་སློབ་ལ་བརྟེན་ནས། ལག་ཤེས་བཟོ་རྩལ་སོགས་ཀྱི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་ཞིང་། གསོ་སྦྱོང་གི་ནང་དོན་གྲས་སུ་ཐང་ག་དང་དངུལ་ཆས་བཟོ་རྩལ་སོགས་རྣམ་གྲངས་མང་པོ་ཚུད་ཡོད་པ་རེད།