འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།དངོས་བཤུས་གློག་བརྙན་ཆེ་གྲས《ལོ་ངོ་བཞི་བཅུའི་ཐོག་མ་བཞི་བཅུ་》བསྟན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་བྱེད་ཆེད། དངོས་བཤུས་གློག་བརྙན་ཆེ་གྲས་《ལོ་ངོ་བཞི་བཅུའི་ཐོག་མ་བཞི་བཅུ་》ཞེས་པ་ཟླ་12ཚེས་12ཉིན་བསྟན་པ་དང་། དེར་ལོ་ངོ་ 40 རིང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་བྱུང་བའི་"ཐོག་མ་"ཁ་ཤས་བྱུང་བ་དེ་གཅིག་བསྡུས་བྱས་པ་བརྒྱུད་དེ། ཀྲུང་གོའི་མི་དམངས་ཀྱིས་འབད་པ་ལྷོད་མེད་དང་། དུས་བསྟུན་ཡར་རྒྱས། འབད་བརྩོན་དང་སྙིང་སྟོབས། བློ་གྲོས་བཅས་ལ་བརྟེན་ནས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་བརྗོད་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། དངོས་བཤུས་གློག་བརྙན་འདི་ལ་ལེའུ་40དང་། ལེའུ་རེ་རེའི་རིང་ཚད་ལ་སྐར་མ་13ཡོད། ལེ་ཚན་འདིའི་ཁྲོད་དུ། ཀྲུང་གོའི་ཁེར་གཉེར་ཐོག་མ་དང་། གྲོང་གསེབ་ཀྱི་དངུལ་ལོར་ཁྲི་ཕྲག་ལོན་མཁན་ཁག་དང་པོ། ཚོང་རྫས་ཆུང་གྲས་ཀྱི་ཁྲོམ་ར་ཁག་དང་པོ། བཀྱགས་ཟམ་ཐོག་མ། མི་སྒེར་གྱི་ཟ་ཁང་ཐོག་མ། ཁཱ་ལ་okགླུ་ལེན་ཁང་ཐོག་མ། རྒྱལ་ཐོན་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ། རེ་བའི་སློབ་ཆུང་ཐོག་མ། དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐོག་མ། གླིང་སྣེ་ས་ཁུལ་གྱི་ཚན་རིག་ལྟ་ཞིབ་ཐོག་མ། མི་བསྡད་པའི་མཚོར་འཛུལ་འཕྲུལ་ཆས་ཐོག་མ་སོགས་ཀྱི་གཏམ་བརྒྱུད་བརྗོད་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། དངོས་བཤུས་གློག་བརྙན་འདི་ནི་ཟླ་12ཚེས་12ཉིན་ནས་ཚེས་31ཉིན་བར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཚན་སློབ་འཕྲིན་ལམ་བརྒྱུད་ནས་ཉིན་རེའི་དགོང་མོར་ལེའུ་གཉིས་རེ་གཏོང་རྒྱུ་རེད།