འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅༎ “བདེ་ཐང་མྱུར་འཁོར”གྱིས་སྐྱ་གྲིབ་བསྐྱར་མཐོང་གཤཌ་བཅོས་ཐེངས་ཁྲི་20པ་དེ་ལེགས་སྒྲུབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཀྲའོ་ཆིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཀོང་ཏུང་ཀྲའོ་ཆིང་གི་བདེ་ཐང་མྱུར་འཁོར“ཀྲུང་གོ་རྡོ་སྣུམ་རྫས་འགྱུར་འོད་ཟེར་རྟགས་ཅན”གྱི་བཅའ་སྡོད་བྱ་ཡུལ་དུ་ལོ་71ལ་སླེབས་པའི་སྐྱ་གྲིབ་ཕོག་མཁན་ཧོ་མེ་ཙའེ་ཡི་མིག་གི་རྨ་རས་བཤུས་མ་ཐག་ས་ཆ་དངོས་ཀྱི་མི་ཚོའི་ཐལ་མོའི་རྡེབ་སྒྲ་གྲགས། ཧོ་མེ་ཙའེ་ཡང་བདེ་ཐང་མྱུར་འཁོར་གྱི་བྱེད་སྒོ་འགོ་བཙུགས་ནས་ལོ་21སོང་རིང་གི་སྨན་རིན་མི་དགོས་པའི་སྐྱ་གྲིབ་གཤགས་བཅོས་དང་ལེན་བྱེད་མཁན་ནད་པ་ཁྲི་20པ་དེ་ཡང་རེད།
     “བདེ་ཐང་མྱུར་འཁོར”ནི་ཤང་ཀང་མེས་རྒྱལ་པང་དུ་ལོག་པའི་སྐབས་དེར་སྤུན་ཟླ་ཤང་ཀང་བས་མེས་རྒྱལ་ལ་ཕུལ་བའི་དམིཌ་བསལ་གྱི་ཕྱག་རྟགས་ཤིག་རེད། 1997ལོའི་ཟླ་7ཚེས་1ཉིན་སྐྱ་གྲིབ་ཕོག་པའི་ནད་པ་དབུལ་པོ་སྐྱོབ་པ་འགན་འཁྲིར་བརྩིས་པའི་བདེ་ཐང་མྱུར་འཁོར་བྱེད་སྒོ་དངོས་སུ་འགོ་བཙུགས་པ་དང་ཁག་དང་པོའི་འཁོར་རྒྱུག་གྲོན་དངུལ་ནི་ཤང་ཀང་གི་མང་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པ་ཞིག་རེད། 2002ལོའི་ཟླ་བཅུ་གཅིག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ཀྲུང་ཧྭའི་བདེ་ཐང་མྱུར་འཁོར་ཐེབས་རྩ་ལྷན་ཚོགས་པེ་ཅིང་དུ་དངོས་སུ་བཙུགས་པ་དང་ནང་སའི་ལས་རིགས་ཁག་དང་ཤང་ཀང་གི་སྤུན་ཟླ་ཚོས་མཉམ་དུ་བྱ་སྤྱོད་སྤེལ་ནས་ས་ཁུལ་དབུལ་པོའི་སྐྱ་གྲིབ་ཕོག་མཁན་དེ་བས་མང་པོ་བསྐྱབས་ཡོད། མིག་སྔར་བདེ་ཐང་མྱུར་འཁོར་བཞི་ཀྲུང་ཧྭའི་ས་གཞི་ཆེ་མོར་སྤྱི་ལེ་ཁྲི་50ལྷག་ཙམ་བསྐྱོད་པ་དེ་གོ་ལ་ཧྲིལ་པོར་སྐོར་བ་ཐེངས་13བརྒྱབ་པ་དང་གཉིས་སུ་མེད། བདེ་ཐང་མྱུར་འཁོར་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་28ཀྱི་ས་ཁུལ་110ཡི་སྐྱ་གྲིབ་ཕོག་མཁན་ཁྲི་20ལ་སྨན་རིན་མི་དགོས་པར་བསྐྱར་མཐོང་གཤགས་བཅོས་བྱས་པ་རེད། ད་ཐེངས་ཀྲའོ་ཆིང་དུ་སླེབས་པའི“ཀྲུང་གོ་རྡོ་སྣུམ་རྫས་འགྱུར་འོད་ཟེར་རྟགས་ཅན”ནི་ད་ཡོད་ཀྱི་བདེ་ཐང་མྱུར་འཁོར་4ལས་རྒྱལ་ནང་ཁེ་ལས་ཀྱིས་ཞལ་འདེབས་བརྒྱབ་ནས་བསྐྲུན་པའི་མེ་འཁོར་འབའ་ཞིག་དེ་རེད།