འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།ལྷ་ས་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚན་ཞིབ་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བ།

ད་ལྟ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱུང་ནས་།  མངོན་དཔག་བྱས་ན་2019ལོའི་ལོ་མཇུག་ཏུ་ལས་གཉེར་ཚོད་ལྟ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚན་ཞིབ་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་བ་དང་། ལྷ་ས་གྲོང་ཁྱེར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་བཙུགས་པ་ནས་བཟུང་བོད་སྨན་གྱི་སྨན་རྒྱུ་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་དང་། ཁྱད་ཆོས་ལྡན་པའི་རྩི་ཤིང་ཐོན་ཁུངས་མིའི་ཐབས་ལ་བརྟེན་ནས་གསོ་ཚགས་སོགས་ཀྱི་ལས་དོན་ཁ་ཤས་སྒྲུབ་ཡོད། ཡིན་ན་ཡང་ཚོད་ལྟའི་ལྟ་ཞིབ་དང་གསོ་སྦྱོང་སྒྲིག་འཛུགས། ཚན་ཞིབ་རྟེན་གཞི་སོགས་ཀྱི་རྨང་གཞིའི་ཞིབ་འཇུག་སྟེགས་བུ་མེད་པས། ཞིབ་འཇུག་ཁང་གི་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་འཕྲད་ཡོད། ཚན་རིག་ཞིབ་འཇུག་ཞབས་ཞུའི་མ་ལག་འཐུས་ཚང་དང་ཚན་རིག་ཞིབ་འཇུག་གསར་གཏོད་ཀྱི་ཁོར་ཡུག་ལེགས་བཅོས་དང་། ཚན་རིག་ཞིབ་འཇུག་དང་ཚན་རྩལ་ཞབས་ཞུ་སོགས་ཀྱི་སྟེགས་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2016ལོར་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གིས་ཚན་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་གྱི་རྣམ་གྲངས་རེ་ཞུ་བྱས་པ་དང་། ད་ལྟ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལེགས་སྒྲུབ་བྱུང་ནས། མངོན་དཔག་བྱས་ན་2019ལོའི་ལོ་མཇུག་ཏུ་ལས་གཉེར་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།