འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།ལོ་སང་དུ་བཅའ་སྡོད་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་འབྲེལ་གཏུག་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོ་སང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། སུའེ་ཙེར་གྱི་ལོ་སང་དུ་བཅའ་སྡོད་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་འབྲེལ་གཏུག་ས་ཚིགས་ཚེས་7ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་། ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀེའུ་ཀྲུང་ཝུན་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཡུས་ཙའི་ཆིང་སོགས་ཀྱིས་འབྲེལ་གཏུག་ས་ཚིགས་བཙུགས་པའི་མཛད་སྒོར་མཉམ་དུ་ཞུགས་པ་རེད།
      ཀེའུ་ཀྲུང་ཝུན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་1979ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་ཁྱིམ་ཚང་ཆེན་པོའི་ནང་བསྐྱར་ལོག་བྱས་ཚུན་གྱི་འཕེལ་རྒྱས་བརྒྱུད་རིམ་ཕྱིར་དྲན་བྱས་ཤིང་། ཁོང་གིས་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ལོ་སང་དུ་བཅའ་སྡོད་འབྲེལ་གཏུག་ས་ཚིགས་འབྲེལ་ཟམ་དང་ལས་སྟེགས་སུ་བྱས་ཏེ་རྒྱལ་སྤྱིའི་ལུས་རྩལ་ལས་རིགས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་ལུས་རྩལ་ལས་དོན་ནང་ཧུར་ཐག་ཞུགས་ནས་ཨོ་ལིམ་ཕིག་ལུས་རྩལ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     པཱ་ཧོ་ཡིས་ལོ་སང་དུ་བཅའ་སྡོད་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་འབྲེལ་གཏུག་ས་ཚིགས་བཙུགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་གོའི་ལུས་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དང་ལུས་རྩལ་སྟོབས་ཆེན་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ལུས་རྩལ་ལས་རིགས་ཀྱི་གནས་བབ་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད། ཁོང་གིས་འབྲེལ་གཏུག་ས་ཚིགས་བཙུགས་ཏེ་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་དེ་བཞིན་རྣམ་གྲངས་རྐྱང་པའི་ལུས་རྩལ་རྩ་འཛུགས་གཞན་དག་དབར་རྒྱུན་དུ་ཐད་ཀར་འབྲེལ་གཏུག་བྱ་རྒྱུར་ཕན་པ་ཡོད་ལ། 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དེ་བས་བདེ་བླག་ཡོང་རྒྱུར་ཕན་པའང་ཡོད། དེ་དང་ཆབས་ཅིག་འབྲེལ་གཏུག་ས་ཚིགས་བཙུགས་པ་དེ་ཐོག་ནས་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་མཉམ་ལས་དམ་ཟབ་བྱེད་པའི་འབྲེལ་བ་སླར་ཡང་མཚོན་པ་དང་དེ་བཞིན་ཀྲུང་གོས་ཨོ་ལིམ་ཕིག་ལུས་རྩལ་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བའང་སླར་ཡང་མཚོན་ཡོད། ཕྱིས་སུ་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཨོ་ལིམ་ཕིག་ལུས་རྩལ་དང་རྒྱལ་སྤྱིའི་ལུས་རྩལ་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།