འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།“གནམ་རྒྱའི”བྱ་སྤྱོད་ཀྱིས་ཕྱིར་བྲོས་པའི་མི་སྣ་4833བཟུང་པ་དང་རྒྱུ་ནོར་སྒོར་དུང་ཕྱུར་103ལྷག་
ཙམ་བླངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་རུལ་སུངས་ངོ་རྒོལ་ཉིན་མོ་འཆར་ལ་ཉེ་བའི་མཚམས་འདིར། གསར་འགོད་པར་ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། “གནམ་རྒྱའི”བྱ་སྤྱོད་2015ལོའི་ཟླ་3པར་སྤེལ་འགོ་བཙུགས་ཚུན། རྒྱལ་ཁབ་དང་ས་གནས་120ལྷག་ཙམ་ནས་ཕྱིར་བྲོས་པའི་མི་སྣ་4833བཟུང་པའི་ནང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་995དང“འཛིན་རྒྱ་དམར་པོ་བཏང་བའི་མི་སྣ་བརྒྱའི”གྲས་ཀྱི་མི་54ཡོད་པ་དང་། དེ་བཞིན་རྒྱུ་ནོར་སྒོར་དུང་ཕྱུར་103ལྷག་ཙམ་བླངས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་71དང་རྩིས་སྤྲོད་ཆིངས་ཡིག་50དང་ཉེས་དོན་ཁྲིམས་འཛིན་རམ་འདེགས་ཆིངས་ཡིག་61བཞག་ཡོད། འདི་ལོ་ཤར་ཚུན་རང་རྒྱལ་གྱི་རུལ་སུངས་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་བྲོས་འདེད་དངུལ་འདེད་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཟླ་6ཚེས་6ཉིན་ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་ནས་སྤྱི་ཚོགས་ལས་རིགས་ཁག་ལ་ལས་ཐོག་ཉེས་གསོག་དང་དཔལ་འབྱོར་ཉེས་གསོག་གི་དོགས་ཡོད་ཕྱིར་བྲོས་པའི་མི་སྣ་50ཡི་འབྲེལ་ཡོད་ཁུངས་སྣེ་ཡོངས་བསྒྲགས་བྱས་པ་རེད། མིག་སྔར་ཝང་ཆི་དང་། ལའེ་མིང་མིན། ཝུའུ་ཆིང་། ཀྲེང་ཏུང་ཆང་བཅས་མི་4ཁྲིམས་ལ་སྦྱར་ཡོད།