འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།སི་ཁྲོན་གྱི་ཞུའེ་ཡུང་རྫོང་དུ་རི་ཉིལ་ནས་མི་མནན་པའི་ནང་གི་མི་8སྐྱོབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་གྱི་ཞུའེ་ཡུང་རྫོང་དུ་རི་ཉིལ་ནས་མི་མནན་པའི་ནང་གི་མི་8སྐྱོབ་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན། གསར་འགོད་པས་ཞུའེ་ཡུང་རྫོང་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་12ཚེས་10ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག  ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པ་བརྒྱུད། སི་ཁྲོན་ཞིང་ཆེན་གྱི་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཞུའེ་ཡུང་རྫོང་ཧྥེན་ཧྲུའེ་གྲོང་རྡལ་དུ་རི་ཉིལ་ནས་མི་མནན་པའི་དོན་རྐྱེན་ཐོན་པའི་ནང་གི་མི་8སྔ་རྗེས་སུ་སྐྱབ་ཐུབ་ཡོད་ཅིང་། དེའི་ཁྲོད་ཀྱི་མི་3སྨན་ཁང་དུ་བསྐྱལ་བའི་ལམ་བར་དུ་གྲོངས་པ་དང་། མི་5སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད།