འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་6ཉིན།

༄༅།།གངས་ལྗོངས་ས་མཐོར་མེ་སྒྱོགས་ཀྱི་གྲངས་གཞི་ཅན་གྱི་དམག་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་06ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།གངས་ལྗོངས་ས་མཐོར་མེ་སྒྱོགས་ཀྱི་གྲངས་གཞི་ཅན་གྱི་དམག་སྦྱོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། གངས་ལྗོངས་ས་མཐོར་མེ་སྒྱོགས་ཀྱི་སྒྲ་གྲགས་པ། ཉེ་ཆར། བོད་དམག་ཁུལ་ཁང་གི་མེ་སྒྱོགས་སྟོང་ཤོག་ཞིག་གིས་བཅའ་སྡོད་སྦྱོང་བརྡར་བྱེད་ས་ནས་ས་བབ་མཐོ་ཚད་སྨི་4600ཡི་ནང་སྦྱོང་རྭ་བར་བསྐྱོད་དེ་ཞིབ་བཤེར་རང་བཞིན་གྱི་དངོས་མདེལ་དཔྱད་ཞིབ་བྱས་ཡོད། ཁོ་ཚོས་འཚོལ་བསྡུ་བྱས་པའི་དཔྱད་གྲངས་རྣམས་ས་མཐོར་མེ་སྒྱོགས་ཀྱི་དམག་འཐབ་བྱེད་པའི་དཔྱད་གཞིའི་གྲངས་མཛོད་ནང་འཇུག་ནས། མེ་སྒྱོགས་རྒྱག་ཐེངས་རེ་རེ་ཚང་མ་གྲངས་གཞི་ཅན་དང་གནད་སྨིན་ཅན་དུ་འགྱུར་བ་བྱེད་བཞིན་ཡོད།
       ཤེས་རྟོགས་བྱས་པར་གཞིགས་ན། མེ་སྒྱོགས་སྟོང་ཤོག་དེས་ད་ཐེངས་ཀྱི་དཔྱད་ཞིབ་ཉིན་5བསྟུད་མར་བྱ་རྒྱུ་ཡིན་པ་དང་། རྒྱུགས་སྤྲད་པའི་ཡན་ལག་རུ་ཁག་གི་དཔོན་དམག་གིས་ས་མཐོའི་ཁོར་ཡུག་འཕྲོད་མིན་ལ་ལྟ་ཁོམ་མེད་པར་དངོས་མདེལ་གྱི་ཚ་ཁ་བལྟ་བའི་ནང་ཞུགས་ཡོད། ལས་འགན་གྱི་བཀའ་བཏང་རྗེས། ཡན་ལག་རུ་ཁག་གིས་རང་རྟེན་ངང་མེ་སྒྱོགས་རྒྱག་པའི་ཚོད་དཔག་བྱ་དགོས་པ་དང་། རང་རྟེན་ངང་མདེའུ་རིགས་བདམས་དགོས་པ། མེ་སྒྱོགས་རེ་རེ་བཞིན་འཕེན་ནས་གཏོར་སྐྱོན་ཕོག་ཚད་ལ་བསྡུར་བ་བཅས་བྱས་ཏེ་རྒྱུགས་གཏོང་ལྟ་ཞིབ་ཚོགས་ཆུང་གིས་ལས་རིམ་ཧྲིལ་པོར་བརྩིས་བརྒྱབ་ནས་དག་བཅོས་དང་། དཔེ་དབྱིབས་བསྡུ་རུབ། ཡིག་ཚགས་ནང་ཕབ་འཇུག་བཅས་བྱས་ནས་བར་ཐག་ནས་ས་བབ་བར་རིམ་བཞིན་འགག་སྒྲོལ་བྱས་ཏེ་མེ་སྒྱོགས་ཀྱི་མདེལ་ཚང་མ་གང་དུ་ཕོག་མིན་གསལ་པོ་རྟོགས་པ་བྱས་ཡོད།
【1】  【2】  【3】  【4】  【5】
༄༅།།གངས་ལྗོངས་ས་མཐོར་མེ་སྒྱོགས་ཀྱི་གྲངས་གཞི་ཅན་གྱི་དམག་སྦྱོང་བྱས་པ།