འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་6ཉིན།

༄༅།།སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཀར་ཞུགས་ན་ཞིབ་འཇུག་སློབ་མ་རྒྱུགས་
སྤྲོད་དུས་སྐར་མ་སྣོན་ཆོག་པར་བརྗོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་06ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། སློབ་གསོ་པུའུ་ཡི་དྲ་ཚིགས་ཐོག་ནས་《2019ལོའི་རྒྱལ་ཡོངས་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀ་ལེགས་པོར་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཏང་སྟེ། མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཀར་ཞུགས་པར་སྣེ་ཁྲིད་པ་དང་།  མཐར་ཕྱིན་སློབ་མ་ཁེ་ལས་ཆུང་འབྲིང་དུ་ལས་ཀ་ཞུགས་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་དྲུག་ཐད་ནས་ལས་ཞུགས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་ཐབས་ལམ་མང་པོ་བརྒྱུད་ནས་ལས་ཀར་ཞུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 
     1.མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཀ་ཞུགས་པར་སྣེ་ཁྲིད་པ། ས་ཆ་སོ་སོའི་མཐོ་སློབ་ཀྱིས་ཀྲུང་དབྱང་གི་《མཐོ་སློབ་ཀྱི་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྔར་བས་ཁྲིད་སྟོན་དང་བསྔགས་བསྐུལ་བྱེད་པའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  གཞི་རིམ་དུ་ལས་ཀར་ཞུགས་ན་དངུལ་བུན་གསབ་འཇལ་དང་།  ཞིབ་འཇུག་སློབ་མ་རྒྱུགས་སྤྲོད་དུས་སྐར་མ་སྣོན་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། འབྲེལ་ཡོད་སྡེ་ཁག་དང་མུ་མཐུད་མཉམ་འབྲེལ་སྒོས་"དམིགས་བསལ་ལས་གནས་ཀྱི་འཆར་གཞི"དང"སྡེ་དཔོན་སློབ་ཆེན་པ""རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག""སློབ་གྲྭ་ཆེན་མོ་བས་དང་བླངས་སྒོས་ནུབ་རྒྱུད་ལ་ཞབས་འདེགས་ཞུ་བའི་འཆར་གཞི་"སོགས་གཞི་རིམ་གྱི་ལས་ཞུགས་རྣམ་གྲངས་ལག་ལེན་བསྟར་བར་རྩ་འཛུགས་ལེགས་པོ་བྱས་ཤིང་། ས་གནས་ཀྱི་དོན་དངོས་ལ་གཞིགས་ནས་ས་གནས་གཞི་རིམ་གྱི་རྣམ་གྲངས་ལག་བསྟར་བྱེད་པའི་གཞི་རྒྱ་བསྐྱེད་པ།  གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་དམིགས་ནས། མཐར་ཕྱིན་སློབ་མ་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་དང་། ཚོང་གཉེར་སོགས་ཀྱི་ཁྱབ་ཁོངས་སུ་ལས་ཞུགས་ལས་གཏོད་བྱེད་པར་སྣེ་ཁྲིད་པ། 
     2.མཐར་ཕྱིན་སློབ་མ་ཁེ་ལས་ཆུང་འབྲིང་དུ་ལས་ཀ་ཞུགས་པར་སྐུལ་འདེད་གཏོང་བ། 
     3.རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུས་ནས་ལས་ཞུགས་ལས་གནས་རྒྱ་བསྐྱེད་པ།
     4.ལས་རྣམ་གསར་པའི་ལས་ཞུགས་བར་སྟོང་རྒྱ་བསྐྱེད་པ། 
     5.སློབ་ཆེན་སློབ་མ་དམག་མིར་བསྡུ་བའི་ལས་ཀ་མུ་མཐུད་ནས་ལེགས་པོར་བསྒྲུབ་པ།
     6.སློབ་ཆེན་སློབ་མ་རྒྱལ་སྤྱིའི་རྩ་འཛུགས་ནང་དངོས་སྦྱོང་དང་ལས་འགན་ལེན་པ་ལ་རྒྱབ་སྐྱོར་བྱེད་པ།