འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་30ཉིན།

༄༅།།འཛམ་གླིང་ཆེས་ཐོག་མའི་ཡོངས་སུ་རང་འགུལ་ཅན་གྱི་ས་འོག་རྩི་ཤིང་བཟོ་གྲྭར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་30ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།འཛམ་གླིང་ཆེས་ཐོག་མའི་ཡོངས་སུ་རང་འགུལ་ཅན་གྱི་ས་འོག་རྩི་ཤིང་བཟོ་གྲྭར་བསྐྱོད་པ།
          མི་དམངས་དྲ་བའི་འཕྲིན། གློག་འོད་བཅོས་མ་དང་འཚོ་བཅུད་ཀྱི་ཁུ་བར་བརྟེན་ནས་ལོ་མ་ཡོད་པའི་སྔོ་ཚལ་འདེབས་འཛུགས་བྱེད་པའི་རྩི་ཤིང་བཟོ་གྲྭ་ནི་བྱ་དངོས་གསར་པ་ཞིག་མིན། འཇར་པན་གྱི་ཁེ་ལས་མི་ཉུང་བས་བཟོ་གྲྭ་རྙིང་པ་བེད་སྤྱད་དེ“སྔོ་ཚལ་འདེབས་འཛུགས”བྱེད་ཀྱི་ཡོད། ཉེ་ཆར། གསར་འགོད་པ་ཏུང་ཅིང་གི་ཉེ་འགྲམ་དུ་ཡོད་པའི་ཆན་ཡའེ་རྫོང་གི་རྩི་ཤིང་བཟོ་གྲྭ་ཞིག་ལ་ལྟ་སྐོར་དུ་བསྐྱོད་ཡོད་ཅིང་། འདི་ལ་མི་འདྲ་ས་ཞིག་ཡོད་པ་ནི་ཚལ་སྨྱུག་བཏབས་ཡོད་པའི་སྒམ་ཆུང་འདྲེན་ཐག་བརྒྱུད་ནས་ས་འོག་གི་རྩི་ཤིང་བཟོ་གྲྭར་སྐྱེལ་བ་ནས། སྐྱེས་རྫོགས་ནས་སྔོ་ཚལ་དུ་གྲུབ་ཟིན་ཏེ་འདྲེན་ཐག་བརྒྱུད་ནས་ས་ཁར་ཐོན་པའི་གོ་རིམ་ནི་ཡོངས་སུ་རང་འགུལ་ཅན་གྱི“སྔོ་ཚལ་འདེབས་འཛུགས”མངོན་འགྱུར་བྱུང་ཡོད་པ་དེ་ཡིན། འདི་ནི་འཛམ་གླིང་ཆེས་ཐོག་མའི་ཡོངས་སུ་རང་འགུལ་ཅན་གྱི་ས་འོག་རྩི་ཤིང་བཟོ་གྲྭ་དེ་ཡིན།
【1】  【2】
༄༅།།འཛམ་གླིང་ཆེས་ཐོག་མའི་ཡོངས་སུ་རང་འགུལ་ཅན་གྱི་ས་འོག་རྩི་ཤིང་བཟོ་གྲྭར་བསྐྱོད་པ།