འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་30ཉིན།

༄༅།།བོད་ལྗོངས་ཤར་ལྷོ་ཕྱོགས་ནས་སྔ་དུས་མིའི་རིགས་ཀྱི་རྗེས་ཤུལ་གསར་པ་རྙེད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་30ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཤར་ལྷོ་ཕྱོགས་ནས་སྔ་དུས་མིའི་རིགས་ཀྱི་རྗེས་ཤུལ་གསར་པ་རྙེད།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་གསལ། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་ཕྱོགས་ཀྱི་མིའི་རིགས་འགུལ་སྐྱོད་ཀྱི་རྗེས་ཤུལ་དང་འཚོ་བའི་ཁོར་ཡུག་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་རུ་ཁག་ཐེངས་གཉིས་པས་བོད་ལྗོངས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་ནས་སྔ་དུས་མིའི་རིགས་འགུལ་སྐྱོད་ཀྱི་ཤུལ་གནས་གསར་དུ་རྙེད་འདུག  ཤེས་རྟོགས་བྱུང་བར་གཞིགས་ན། ཚན་ཞིབ་རུ་ཁག་གིས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་ནས་རིག་གནས་ཀྱི་རིམ་ངོས་གསུམ་གྱི་བཅད་ངོས་ལ་གཙང་སེལ་བྱས་པ་བརྒྱུད། རྫ་མ་ཆག་རོ་དང་རྡོ་ཆས། སྲོག་ཆགས་ཀྱི་རུས་པ། སོལ་བ། དེ་བཞིན་གཡེང་འདེམས་བྱས་པ་དང་། རྩི་ཤིང་སེལ་གཟུགས་སུ་གྱུར་བའི་མ་དཔེ་སོགས་འཚོལ་སྡུད་བྱུང་ཡོད། གཞན་ཡང་། གནས་དེའི་ཤར་ལྷོ་ཕྱོགས་ནས་ད་དུང་གཏོར་བརླག་བྱས་ཟིན་པའི་བང་སོ་གཉིས་རྙེད་པ་དང་། དེར་མི་རུས་ཁ་ཤས་ལ་རླུང་གིས་ཟད་ཚད་ཆེན་པོ་བཟོས་པ་མ་ཟད་ས་ངོས་ནས་ཕྱི་རུ་བུད་འདུག  ངོ་སྤྲོད་བྱས་པར་གཞིགས་ན། རྗེས་ཤུལ་འདི་རྙེད་པ་དེས་བོད་ལྗོངས་ཤར་ལྷོའི་ཕྱོགས་ཀྱི་མིའི་རིགས་སྔ་དུས་ཀྱི་ལོ་རྒྱུས་ལ་ཁ་བསྐངས་ཡོད་པ་མ་ཟད། མཐོ་སྒང་གི་ཤེས་ཡོན་གྱི་བྱུང་འཕེལ་བསྐྱར་འཛུགས་བྱེད་པའི་བདེན་དཔང་མཁོ་སྤྲོད་བྱེད་ཐུབ་ཀྱང་སྲིད།
༄༅།།བོད་ལྗོངས་ཤར་ལྷོ་ཕྱོགས་ནས་སྔ་དུས་མིའི་རིགས་ཀྱི་རྗེས་ཤུལ་གསར་པ་རྙེད།