འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་28ཉིན།

༄༅།།ཉིང་ཞ་ཡིས“དྲ་སྦྲེལ+སློབ་གསོའི”དཔེ་སྟོན་ཁུལ་དངོས་སུ་སྐྲུན་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་28ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆོག་མཆན་ཐེངས་དང་པོ་ཐོབ་པའི“དྲ་སྦྲེལ+སློབ་གསོའི”དཔེ་སྟོན་ཁུལ་ཡིན་པའི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱིས་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་ལོ་ལྔའི་འཛུགས་སྐྲུན་དུས་ཡུན་རིང་། ཐབས་མང་མཉམ་སྤྱོད་ཀྱིས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་དང་། བྱང་ཚད་སློབ་གསོ་གསར་གཏོད། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། སློབ་གྲྭའི་ཏང་འཛུགས་སྐྱོང་གི་བསམ་བློ་ཆབ་སྲིད། དེང་རབས་སློབ་གསོ་བཅོས་སྐྱོང་བཅས་ཕྱོགས་ལྔའི་ཐད་ལ་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་འདྲ་ཕབ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“དྲ་སྦྲེལ+སློབ་གསོའི”རྣམ་པ་ཆགས་པ་བྱ་རྒྱུ་རེད།
         འདི་ལོའི་ཟླ་7པར། ཉིང་ཞ་ཡིས“དྲ་སྦྲེལ+སློབ་གསོའི”དཔེ་སྟོན་ཚོད་ལྟ་འཛུགས་སྐྲུན་བྱ་རྒྱུའི་ཐད་སློབ་གསོ་པུའི་མཆན་བཀོད་བཀའ་ལན་ཐོབ་ནས་མོས་མཐུན་བྱས་པ་རེད། དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། ཉིང་ཞ་ཡིས་2018ལོ་ནས་2022ལོ་བར་གྱི་འཛུགས་སྐྲུན་འཆར་འགོད་དང་འཛུགས་སྐྲུན་ལག་བསྟར་ཇུས་གཞི་བཟོས་པ་རེད།
         ལག་བསྟར་ཇུས་གཞི་གཞིར་བཟུང་། ཉིང་ཞ་ཡིས་རང་སྐྱོང་ལྗོངས་རིམ་པའི་སློབ་གསོའི་ལས་སྟེགས་ཆེན་པོ་གཙོ་གནད་ཐོག་ལེགས་གཏོང་རིམ་སྤོར་བྱ་རྒྱུ་སྟེ། གཅིག་ནས“དྲ་སྦྲེལ+སློབ་གསོའི”ལས་སྟེགས་ཆེན་པོ་རིམ་སྤོར་རྒྱ་སྐྱེད་བཏང་ནས་ལོ་རེ་བཞིན་སློབ་གྲྭ་འབྲིང་ཆུང་གི་རིག་ནུས་སློབ་གླིང་དང་། སློབ་གསོའི་དྲ་ཚོགས། དམངས་གཉེར་སློབ་གསོ། སྡེ་ཁུལ་སློབ་གསོ་སོགས་ཀྱི་མ་ལག་བསྐྲུན་ཏེ་སློབ་གསོའི་གྲངས་གཞི་ཆེན་པོ་བེད་སྤྱོད་དང་ལྟ་འདོམས་ཐུབ་པ་བྱ་རྒྱུ་རེད། གཉིས་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འདི་ལོ་ནས་བཟུང་། ལོ་ལྟར་རྨང་གཞི་དང་། ལས་རིགས། མཐོ་རིམ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་གྲངས་འབོར་ངེས་ཅན་གྱི་སྤུས་ལེགས་སློབ་ཚན་ཐུང་གྲས་དང་། དཔེ་སྟོན་སློབ་ཚན། སློབ་ཁྲིད་ཐོན་ཁུངས་སོགས་གཅིག་སྡུད་བྱ་རྒྱུ་དང་། 2022ལོར་སླེབས་སྐབས་སློབ་གསོའི་དུས་མཚམས་དང་། རིག་ཚན། ཆེད་ལས་བཅས་ཁག་ལ་ཁྱབ་པའི་སློབ་ཁྲིད་ཐོན་ཁུངས་མཛོད་གཞི་རྩའི་ཆར་བསྐྲུན་ནས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་དགེ་སློབ་ཀྱི་སློབ་སྦྱོང་ཐོན་ཁུངས་ཀྱི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།