འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་27ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེས་རྒྱལ་ཁབ་ཆེ་མོའི་གནམ་ཐང་གྲུ་གཟིངས་མེད་པ་ནས་ཡོད་པའི་བར་ལ་རམ་འདེགས་བྱས་པ། 

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཉི་ཀོང་ཧུའེ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་27ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཉེ་ཆར། ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་དང་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་མཉམ་དུ་བཞག་ཚུལ་གྱི་གསར་འགྱུར་དྲ་ཐོག་ཏུ་བསྟན་པར་འཛམ་གླིང་སྐྱེ་བོ་མང་པོས་དོ་ཁུར་བྱེད་པ་དང་། དུས་ཚོད་དེ་རང་དང་གྲུ་ཁ་དེ་རང་དུ་བཟོ་ལྟ་རགས་ཙམ་ཆགས་པའི་དམག་གྲུ་དཔེ་གསར་ཁག་གཅིག་ཀྱང་ཡོད་པ་རེད། དེ་ནི་ཀྲུང་གོའི་མཚོ་དམག་གིས་ཕྱོགས་སྒྱུར་འཛུགས་སྐྲུན་ལས་བྱུང་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད་ལ། རྒྱལ་དམངས་སེམས་འགུལ་ཐེབས་ས་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱ་ཡུལ་ཞིག་རེད།
          ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་སྲིད་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཤའོ་ལེ་ཡིས་ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཀྱི་རྒྱ་ཆེ་བའི་འཕུར་སྐྱོད་སྒྲོམ་སྟེང་དུ་ལངས་ནས་རྣམ་པ་གསར་རྐྱང་གི་དམག་གྲུའི་གླིང་ཕྲན་དང་བཟོ་ལྟ་ལེགས་པའི་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་དེར་ལྟ་སྐབས་དུས་རབས་གསར་པའི་མི་དམངས་མཚོ་དམག་ལ་དབང་བའི་ཡིད་ཆེས་དང་སྤོབས་སེམས་ཤིག་ངང་གིས་འཆར།
         ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་དང་འགྲོགས་པའི་དུས་ཚོད་ནང་ཁོང་གིས་ཀྲུང་གོར་གནམ་ཐང་གྲུ་གཟིངས་མེད་པ་ནས་ཡོད་པའི་བར་དང་རྟེན་ས་གང་ཡང་མེད་པའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱས་པའི་དཀའ་ཚེགས་ལམ་བུ་བརྒྱུད་པ་དང་། ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཀྱི་དམག་འཐབ་ནུས་པ་རེ་རེར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བའི་དཔང་པོ་བྱས་པ་རེད། ཤའོ་ལེ་དང་ཁོང་གི་འཐབ་གྲོགས་ཚོས་ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ནི་དམག་གྲུ་ཙམ་མིན་པར་དེ་ནི་མི་རིགས་ཤིག་དང་དམག་དཔུང་ཞིག་གི་སེམས་ལ་ལོ་ངོ་བརྒྱ་ཙམ་བཅངས་པའི་ཕུགས་འདུན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
         སུའུ་ལེན་གྱི་ཉི་ཀུ་ལ་ཡེ་ཧྥུ་གྲུ་གཟིངས་བཟོ་གྲྭའི་ཁྲང་ཀྲང་མ་ཁ་ལུའུ་ཧྥུ་ཡིས་རྒྱལ་ཁབ་རླབས་ཆེན་ཞིག་གིས་མ་གཏོགས “ཝ་ལེང་ཀེ”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་མུ་མཐུད་བཟོ་བའི་བརྗིད་ཆེའི་ལས་གྲྭ་ལེགས་གྲུབ་བྱེད་མི་ཐུབ་ཅེས་ཤོད་མྱོང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཇོན་ཐང་དངོས་དང་དམག་དོན་བཟོ་ལས་ཀྱི་རྨང་གཞིར་བརྟེན་ནས་རང་རྒྱལ་ལ“གནམ་ཐང་གྲུ་གཟིངས་ཀྱི་ཕུགས་འདུན”མངོན་འགྱུར་བྱེད་པའི་གདེང་ཚོད་དང་ཡིད་ཆེས་ཐོག་མར་བྱུང་ཡོད།
         1998ལོའི་ཟླ་བཞི་པར་རང་རྒྱལ་གྱིས་སྐབས་དེ་དུས་ལས་རིམ་60%ལས་ཚར་མེད་པའི“ཝ་ལེང་ཀེ”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཉོས་ནས་ཀྲུང་གོས་གནམ་ཐང་གྲུ་གཟིངས་བཟོ་བའི་དཀའ་ཚེགས་ཅན་གྱི་ལམ་དུ་བསྐྱོད། ལོ་བརྒྱད་ལས་མ་འགོར་བར་གྲུ་གཟིངས་མུ་མཐུད་བཟོ་བའི་ལས་འགན་བདེ་བླག་ངང་གྲུབ་སྟེ། གནམ་ཐང་གྲུ་གཟིངས་ཀྱི་འགག་རྩའི་ལྷུ་ཚིགས་དང་ལག་རྩལ་ལ་ཚད་བརྒལ་རབ་དང་རིམ་པ་བྱུང་བ་རེད།
        “ཀྲུང་གོ་བས་ཡུན་རིང་རེ་སྒུག་བྱས་པའི་ཉིན་མོ་དེ་གཞི་ནས་ཤར་སོང” 2012ལོའི་ཟླ་9ཚེས་25ཉིན་རྣམ་པ་གསར་རྐྱང་གི་ལེའོ་ཉིང་རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་རྩིས་སྤྲོད་རྩིས་ལེན་དང་དམག་གྲུའི་གྲས་སུ་འཇུག་པའི་རྔམ་བརྗིད་ལྡན་པའི་དུས་ཚིགས་འཆར་བ་དང་། གནམ་ཐང་གྲུ་གཟིངས་ཀྱི་དམག་མི་སྟོང་ཕྲག་ལྷག་ཙམ་གྱིས་མི་སེམས་འགུལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་ཚིགས་དེར་དཔང་པོ་བྱས་པ་དང་མི་དམངས་མཚོ་དམག་གིས་ཟིལ་རླབས་དགུང་འཕྱུར་གྱི་གནམ་ཐང་གྲུ་གཟིངས་ཀྱི་དུས་རབས་སུ་སྐྱོད་འགོ་བརྩམས།
         ཀྲུང་གོའི་གནམ་ཐང་གྲུ་གཟིངས་འཕེལ་རྒྱས་དང་བཟོ་སྐྲུན་སྔ་བར་ཕྱི་གསུམ་དུ་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་དམ་དུ་སྦྲེལ་ཡོད། སྒྱུར་བཅོས་སྒོ་དབྱེའི་རིང་གསོག་འཇོག་བྱས་པའི་དུས་རབས་ཀྱི་བརྗིད་ཆེའི་སྟོབས་ཤུགས་མེད་ན་ཀྲུང་གོའི་གནམ་ཐང་གྲུ་གཟིངས་ཀྱི་རླབས་གཤགས་མདུན་སྐྱོད་གླེང་ཐབས་བྲལ་ཡོད་ཅེས་བརྗོད་ཆོག (